ལྷོ་ཁོ་རེ་ཡའི་དམག་ཕྱོགས་ཀྱིས་བྱང་ཁོ་རེ་ཡས་རྒྱང་ཐུང་འཕེན་གཟུགས་ཚོད་ལྟ་འཕེན་གཏོང་བྱས་ཡོད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། སྤྱི་ཚེས་༡༠ཉིན་ལྷོ་ཁོ་རེ་ཡའི་དམག་ཕྱོགས་ཀྱིས། བྱང་ཁོ་རེ་ཡས་ཉིན་དེའི་སྔ་དྲོའི་ཆུ་ཚོད་༦དང་སྐར་མ་༥༣དང་། ཆུ་ཚོད་༧དང་སྐར་མ་༡༢གཡས་གཡོན་དུ་སྔ་རྗེས་སུ་ཁུ་རེ་ཡ་ཕྱེད་གླིང་ཕྲན་ཤར་རྒྱུད་མཚོ་ཁོངས་སུ་རྒྱང་ཐུང་འཕེན་གཟུགས་གཉིས་འཕེན་གཏོང་བྱས་པ་དང་། འཕེན་གཟུགས་གཉིས་པོའི་འཕེན་རྒྱང་སྤྱི་ལེ་༣༣༠ཙམ་ཟིན་ཡོད་ཅེས་བསྟན་ཡོད། ལྷོ་ཁོ་རེ་ཡའི་ཙུང་ཐུང་ལས་ཤག་ཆིང་ཧྭ་ཐའེ་ཡིས། རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་རྒྱུན་བསྐོས་ཨུ་ཡོན་ལྷན་ཁང་གིས་དེ་ཉིན་ཛ་དྲག་ཚོགས་འདུ་སྐོང་འཚོགས་བྱས་པ་དང་། ཚོགས་འདུའི་ཐོག་ཁོ་རེ་ཡ་ཕྱེད་གླིང་ཕྲན་གྱི་བདེ་འཇགས་གནས་བབ་ཧྲིལ་པོར་བསྐྱར་ལྟ་བྱས་པ་མ་ཟད། བྱང་ཁོ་རེ་ཡས་འཕེན་གཏོང་བྱ་སྤྱོད་སྤེལ་བར་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་པ་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།