ཐེ་རོན་ཕུས་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་པོར་ཏུན་འགན་གནས་ནས་ཕབ་པ།
སྤེལ་བའི་དུས་ཚོད། : 2019-09-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༡༠ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས། ཙུང་ཐུང་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་ཡོལ་ཧན་ .པོར་ཏུན་ཁོང་གི་རེ་བ་བཏོན་པའི་འོག་ལས་གནས་དགོངས་ཞུ་བྱས་པ་ཁྱབ་བསྒྲགས་བྱས་ཡོད། ཐེ་རོན་ཕུས་ཁོང་སྲིད་གཞུང་ནང་གི་མི་གཞན་དང་འདྲ་བར་པོར་ཏུན་གྱིས་བསམ་འཆར་མང་པོར་མོས་མཐུན་མེད་ཅེས་གསུངས་འདུག དུས་མཚུངས་ཁོང་གིས་ད་དུང་པོར་ཏུན་གྱིས་ད་བར་སྲིད་གཞུང་ནང་ལས་དོན་སྒྲུབ་པར་ཐུགས་རྗེ་ཆེ་ཞུས་གནང་ཡོད། ཐེ་རོན་ཕུས་ཁོང་གིས་གཟའ་འཁོར་རྗེས་མར་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་འོས་མི་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་བསྟན་ཡོད། པོར་ཏུན་ནི་ཐེ་རོན་ཕུ་འགན་གནས་བཞེས་རིང་ལས་བྲལ་གནང་བའི་ཙུང་ཐུང་རྒྱལ་ཁབ་བདེ་འཇགས་བྱ་དོན་གྱི་ལས་རོགས་གསུམ་པ་དེ་ཡིན།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། ཟླ་བ་གཡུ་སྒྲོན།