ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་ཁྲེན་ལི་ཆུན་ལ་དུས་རབས་ཀྱི་དཔེ་བཟང་མཚན་སྙན་སྤྲད་པ།
སྤེལ་བའི་དུས་ཚོད། : 2019-09-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༩པའི་ཚེས་༩ཉིན། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུས་ཁྲེན་ལི་ཆུན་ལ་དུས་རབས་ཀྱི་དཔེ་བཟང་མཚན་སྙན་སྤྲད་ཡོད། ཁྲེན་ལི་ཆུན་ནི་ཀུའེ་ཀྲང་ཞིང་ཆེན་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཁུལ་ཐའེ་ཅང་རྫོང་མི་རིགས་སློབ་འབྲིང་གི་སློབ་སྤྱི་ཡིན་པ་དང་། ཁོང་གིས་དགེ་བའི་བཤེས་གཉེན་གྱི་ཕྱག་ལས་ལོ་ངོ་༤༠ལྷག་ཙམ་བསྒྲུབས་གནང་ཡོད། ལས་འཁྱུར་ངལ་གསོ་གནང་རྗེས་གླ་ཆ་མཐོ་བའི་གདན་ཞུ་ཁས་ལེན་མ་གནང་བར། ཀུའེ་ཀྲའུ་ཡི་དབུལ་ཕོངས་རི་ཁུལ་དུ་འོས་འགན་སློབ་སྐྱོར་གནང་བར་ཕེབས་ཡོད། ལོ་ངོ་༣ནང་དགེ་རྒན་ཕུལ་དུ་བྱུང་བའི་རྐང་འཛིན་དཔུང་ཁག་གཅིག་གསོ་སྐྱོང་གནང་བ་དང་། སློབ་གྲྭས་སློབ་གཉེར་བྱེད་པའི་སྤུས་ཚད་ལྡབ་ཀྱིས་ཆེ་རུ་ཕྱིན་ཡོད། ཁོང་གིས་གཅེས་སེམས་ལ་བརྟེན་ཞིང་། སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བ་ནི། སློབ་གསོ་འཕེལ་རྒྱས་སྔོན་ལ་འཇོག་པ་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྱོང་བྱེད་པའི་ལག་ལེན་ཁྲོད་ཐོན་པའི་མི་སྣ་གསོ་སྐྱོང་གི་དཔེ་བཟང་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།