ཀྲུང་གོའི་དམག་དཔུང་གིས་ཨུ་རུ་སུའི་ཨོ་ལུན་སྦའོ་མངའ་སྡེར་ཨུ་རུ་སུ་དམག་གི་དབུས་རྒྱུད་2019ཞེས་པའི་ནང་སྦྱོང་ནང་ཞུགས་རྒྱུ།
སྤེལ་བའི་དུས་ཚོད། : 2019-09-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཀྲུང་ཨུ་ཕྱོགས་གཉིས་པོའི་བར་གྲོས་འཆམ་བྱུང་བའི་ཐུན་མོང་ངོས་འཛིན་གཞིར་བཟུང་། ཀྲུང་གོའི་དམག་དཔུང་གིས་སྤྱི་ཟླ་9པའི་ཚེས་16ཉིན་ནས་ཚེས་21ཉིན་བར་ཨུ་རུ་སུའི་ཨོ་ལུན་སྦའོ་མངའ་སྡེར་ཨུ་རུ་སུའི་དམག་གི་དབུས་རྒྱུད་2019ཞེས་པའི་ནང་སྦྱོང་ལ་ཞུགས་རྒྱུ་ཡིན་པ་རེད། རང་དམག་གི་ནང་སྦྱོང་ནང་ཞུགས་པའི་སྐམ་སའི་སྐས་རིམ་དཔུང་ཁག་8དང་། མཁའ་སྐྱོད་སྐས་རིམ་དཔུང་ཁག་11ཨུ་རུ་སུར་འབྱོར་ཡོད་པ་རེད། ཀྲུང་གོའི་ཕྱོགས་ཀྱི་ནང་སྦྱོང་ནང་ཞུགས་མཁན་དམག་མི་1600ཙམ་དང་། རིགས་ཁག་གི་མཚོན་ཆ་དང་སྒྲིག་ཆས་300ལྷག གཤོག་པ་གཏན་འཇགས་གནམ་གྲུ་དང་ཐད་འཕུར་གནམ་གྲུ་30ཙམ་བཅས་ནང་སྦྱོང་ཞུགས་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།