ཀྲུང་གོ་དང་རྒྱ་གར་གྱི་དཔལ་འབྱོར་མཉམ་ལས་གླེང་སྟེགས་རྒྱ་གར་གྱི་ཏི་ལི་གསར་པར་གཉེར་བ།
སྤེལ་བའི་དུས་ཚོད། : 2019-09-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་9ཉིན། ཀྲུང་གོའི་རྒྱལ་ཁབ་གོང་འཕེལ་དང་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་། རྒྱ་གར་གྱི་རྒྱལ་ཁབ་རྣམ་པ་བརྗེ་སྒྱུར་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་ཐོག་གཉེར་བའི་ཀྲུང་གོ་དང་རྒྱ་གར་གྱི་འཐབ་ཇུས་དཔལ་འབྱོར་གླེང་མོལ་ཐེངས་དྲུག་པ་དང་ཀྲུང་གོ་དང་རྒྱ་གར་གྱི་དཔལ་འབྱོར་མཉམ་ལས་གླེང་སྟེགས་རྒྱ་གར་གྱི་ཏི་ལི་གསར་པར་གཉེར་ཡོད་པ་རེད། ཀྲུང་གོ་དང་རྒྱ་གར་ཕྱོགས་གཉིས་པོས་རྒྱལ་ཁབ་གཉིས་པོའི་སྤྱི་ཁོག་དཔལ་འབྱོར་གྱི་གནས་བབ་དང་ཕྱོགས་གཉིས་དངོས་སྒྲུབ་མཉམ་ལས་སོགས་ཀྱི་གྲོས་གཞིའི་ཐད་བསམ་འཆར་བརྗེ་རེས་གང་ལེགས་བྱས་ཡོད་པ་དང་། ཐུན་མོང་ངོས་འཛིན་རབ་དང་རིམ་པ་བྱུང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།