ཞི་ཅིན་ཕིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་ཆེད་མཁས་རྒན་གྲས་ལ་འཕྲིན་ལན་བསྐུར་ནས་ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་དགོས་ཞེས་ནན་སྟོན་གནང་བ།
སྤེལ་བའི་དུས་ཚོད། : 2019-09-10 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། རྒྱལ་ཁབ་དཔེ་མཛོད་ཁང་བཙུགས་ནས་ལོ་ངོ་༡༡༠འཁོར་བའི་མཚམས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་དཔེ་མཛོད་ཁང་གི་ཆེད་མཁས་མཁས་རྒན་གྲས་༨ལ་འཕྲིན་ལན་བསྐུར་ནས། རྒྱལ་ཁབ་དཔེ་མཛོད་ཁང་གི་བློ་མཐུན་ཚང་མར་ལྷག་བསམ་དག་པའི་འཚམས་འདྲི་ཞུས་པ་དང་། རྒྱལ་ཁབ་དཔེ་མཛོད་ཁང་གིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཆེད་བྱས་རྫེས་གསར་པ་སྔར་བས་མང་བ་འཇོག་རྒྱུའི་ཐུགས་རེ་གནང་ཡོད།

ཞི་ཅིན་ཕིང་གིས་ཕྱག་ཡིག་ནང་། ཁྱེད་རྣམ་པ་ལས་འཁྱུར་ངལ་གསོ་གནང་རྗེས་སྔར་རྒྱུན་བཞིན་རྒྱལ་ཁབ་དཔེ་མཛོད་ཁང་གི་གོང་འཕེལ་དང་རིག་གནས་བྱ་གཞག་ལ་ཐུགས་ཁུར་གནང་བ་དེའི་ཐོག་ནས། ཁྱེད་ཚོས་ཤེས་དཔལ་རྒྱུན་འཛིན་དང་། སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཐོག་མའི་བསམ་འདུན་བརྟན་སྲུང་གནང་བ་མངོན་ཡོད་ཅེས་བསྟན་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་༡༡༠སོང་རིང་། རྒྱལ་ཁབ་དཔེ་མཛོད་ཁང་གིས་ཀྲུང་ཧྭ་ཡི་ཤེས་དཔལ་རྒྱུན་འཛིན་དང་། རྒྱལ་དམངས་ཀྱི་བྱང་ཚད་མཐོར་གཏོང་། དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་མཛད་ཡོད། མི་རབས་རེ་རེའི་རྒྱལ་ཁབ་དཔེ་མཛོད་ཁང་གི་ལས་མི་ཚོས་དེའི་ཐད་བློ་གྲོས་དང་སྟོབས་ཤུགས་འདོན་སྤེལ་གནང་ཡོད་པས། མཚམས་འདིར། ངོས་ནས་རྒྱལ་ཁབ་དཔེ་མཛོད་ཁང་གི་བློ་མཐུན་ཚང་མར་ལྷག་བསམ་དག་པའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། དཔེ་མཛོད་ཁང་ནི་རྒྱལ་ཁབ་ཀྱི་རིག་གནས་གོང་འཕེལ་ཆུ་ཚད་མངོན་པའི་མཚོན་རྟགས་གལ་ཆེན་ཞིག་དང་། མི་རིགས་ཀྱི་སེམས་ཁམས་གསོ་སྤེལ་དང་། རིག་གནས་བློ་སྤོབས་གསོ་སྐྱོང་བྱེད་པའི་གནས་གལ་ཆེན་ཞིག་ཡིན། རྒྱལ་ཁབ་དཔེ་མཛོད་ཁང་གིས་ཆབ་སྲིད་ཀྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་སྤེལ། ཞབས་ཞུ་བྱ་ཐབས་གསར་གཏོད། དམངས་ཡོངས་ཀྱི་སློབ་སྦྱོང་ལ་སྐུལ་འདེད། སྔར་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་བསམ་པའི་རིག་གནས་དགོས་མཁོ་སྐོང་བ་སོགས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད་ཅེས་བསྟན་གནང་ཡོད།

རྒྱལ་ཁབ་དཔེ་མཛོད་ཁང་སྤྱི་ལོ་༡༩༠༩ལོར་བཙུགས་པ་དང་། མིག་སྔར་ཉར་ཚགས་བྱས་པའི་ཡིག་ཚགས་བྱེ་བ་༤ལ་ཉེ་བ་ཡོད་པ། ལོ་རེར་དཔེ་ཀློག་པ་མི་ཐེངས་ས་ཡ་༥ལྷག་ལ་སྣེ་ལེན་ཞུ་གི་ཡོད། མི་རིང་བའི་གོང་། ཏིང་ཡུས་དང་ཤོས་ཏན་ཡུས་སོགས་རྒྱལ་ཁབ་དཔེ་མཛོད་ཁང་གི་ཆེད་མཁས་༨ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས། རྒྱལ་ཁབ་དཔེ་མཛོད་ཁང་གི་ལས་མི་རྒན་གྲས་ཚོས་རྒྱལ་ཁབ་དཔེ་མཛོད་ཁང་གིས་མེས་རྒྱལ་ཟམ་མི་ཆད་པར་དར་རྒྱས་གོང་འཕེལ་འགྲོ་བ་བསྟུན་ནས་གོང་འཕེལ་ཕྱིན་པར་སྤོབས་སེམས་སྐྱེ་ལུགས་དང་། ཐོག་མའི་བསམ་འདུན་བརྟན་སྲུང་དང་། དུས་རབས་གསར་པའི་དཔེ་མཛོད་ཁང་གི་བྱ་གཞག་སླར་ཡང་བསྐྱར་དར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་འགྱུར་མེད་ཆོད་སེམས་མངོན་པར་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། རིན་ཆེན་དབང་འདུས།