ནག་ཆུའི་ལས་བྱེད་པ་བཀྲ་ཤིས་དོན་གྲུབ་ལས་གནས་ལས་ཕུད་པ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཉིན་ཤས་གོང་། ནག་ཆུ་གྲོང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ནག་ཆུ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ཨ་མདོ་རྗོང་མི་དམངས་ཁྲིམས་ཁང་ལག་བསྟར་ཅུས་ཀྱི་ཅུས་ཀྲང་བཀྲ་ཤིས་དོན་གྲུབ་ཀྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་བརྟག་དཔྱད་བྱས།

  ཞིབ་བཤེར་བརྒྱུད་ཤེས་པར། བཀྲ་ཤིས་དོན་གྲུབ་ཀྱིས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་བྱས་མེད་པས་རྩ་འཛུགས་ཀྱི་སྒྲིག་ལམ་ལས་འགལ་བ་དང་། སྒྲིག་འགལ་ངང་ཁེ་གཉེར་རང་བཞིན་གྱི་བྱེད་སྒོ་སྤེལ་བས་སྤྱོད་གཙང་གི་སྒྲིག་ལམ་དང་འགལ་བ། རྒྱན་འཛུགས་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་རྒྱན་འཛུགས་བྱེད་སྒོའི་ནང་ཞུགས་པས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་འགལ་བ་མ་ཟད། དམངས་དོན་ཁྲུན་གཅོད་བྱེད་སྒོའི་ནང་ཉེ་པོར་ཕྱོགས་ཤིང་བསམ་བཞིན་དུ་དོན་དངོས་དང་རྒྱབ་འགལ་བྱས་ནས་ཁྲུན་གཅོད་ནོར་བ་བྱས་ཏེ། དམངས་དོན་ཁྲུན་གནོད་ནོར་བའི་ནག་ཉེས་བསགས་ཡོད་པ་དང་། དེ་མིན། ལས་གནས་ཐོག་གི་སྟབས་བདེ་སྤྱད་དེ་གཞུང་དངུལ་ཧམ་ཟ་བྱས་པས་ལྐོག་ཟའི་ནག་ཉེས་ཀྱང་བསགས་ཡོད།

  ནག་ཆུ་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། བཀྲ་ཤིས་དོན་གྲུབ་ལ་ཏང་གི་སྐྱིད་སྡུག་ལས་འབུད་རྒྱུ་དང་། གཞུང་གི་ལས་གནས་ནས་འབུད་པའི་ཆད་པ་བཅད་ཅིང་། ཁྲིམས་འགལ་གྱི་ནག་ཉེས་བསགས་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱས་ཡོད།

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝང་ཧྥེ།

  སྒྲིག་སྒྱུར། བསོད་ནམས་འཚོ།