ཡུལ་ཤུལ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་དབུ་བརྙེས་པ།༼སྒྲ་ལྡན།༽
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

 

  ཟླ9པའི་ཚེས7ཉིན་གྱི་སྔ་དྲོར། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་དང་སི་ཁྲོན་སློབ་ཆེན་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ཁང་གི་རྒྱབ་སྐྱོར་དང་། ཡུལ་ཤུལ་གྲོང་ཁྱེར་ཏང་ཨུད་དང་། ཡུལ་ཤུལ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཐུགས་ཁུར་ཟབ་མོའི་འོག ཡུལ་ཤུལ་ལོ་རྒྱུས་རིག་གནས་ཞིབ་འཇུག་གླིང་གསར་དུ་དབུ་བརྙེས་ཤིང་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ་རེད།

  མཛད་སྒོའི་ཐོག ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ། ཡུལ་ཤུལ་གྲོང་ཁྱེར་གྱི་གྲོང་སྤྱི་བཀྲ་ཤིས་ཚེ་རིང་དང་སི་ཁྲོན་སློབ་ཆེན་ལོ་རྒྱུས་སློབ་གླིང་གི་གླིང་གཙོ་ལི་དབྱིན་ཧྥུའུ་གཉིས་ཀྱིས་ཤིས་ཚིག་ཕུལ་བ་རེད།

  མཛད་སྒོའི་སྟེང་དུ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་སྲིད་གྲོས་ཀྲུའུ་ཞི་གངས་བཟང་དང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་དཔོན་གཞོན་པ། ཡུལ་ཤུལ་གྲོང་ཁྱེར་གྱི་གྲོང་སྤྱི་བཀྲ་ཤིས་ཚེ་རིང་། ཡུལ་ཤུལ་གྲོང་ཁྱེར་གྱི་གྲོང་སྤྱི་གཞོན་པ་གུ་དྲག ཡུལ་ཤུལ་ཁུལ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་ཕུན་ཚོགས་ཟླ་བ། སི་ཁྲོན་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་གླིང་གཙོ་ལི་དབྱིན་ཧྥུའུ། སི་ཁྲོན་སློབ་ཆེན་གནའ་རྫས་རྟོག་ཞིབ་སྡེ་ཁག་གི་ཀྲུའུ་རིན་ལི་མེན་ལིང་སོགས་འབྲེལ་ཡོད་འགོ་ཁྲིད་དང་། སྐྱུ་རའི་བསམ་གཏན་རྣམ་རྒྱལ་སོགས་ཞིབ་འཇུག་ཆེད་མཁས་པ་མི་སྣ་སུམ་ཅུ་ཙམ་མཛད་སྒོར་ཞུགས་ཡོད་པ་རེད།

  ས་གནས་ཞིབ་འཇུག་རང་བཞིན་གྱི་ཚོང་ལས་མིན་པའི་སྤྱི་ཚོགས་ཀྱི་རྩ་འཛུགས་འདིའི་དམིགས་ཡུལ་གཙོ་བོ་ནི་འཇོན་མི་གསོ་སྐྱོང་དང་། ཞིབ་འཇུག་ལས་གཞི། ཡུལ་དངོས་བརྟག་དཔྱད། གྲུབ་འབྲས་འགྲེམ་སྤེལ། རྒྱུ་ཆའི་གྲངས་མཛོད་འཛུགས་པ་སོགས་བརྒྱུད། ཡུལ་ཤུལ་ས་ཁུལ་གྱི་ལོ་རྒྱུས་རིག་གནས་ལ་ཞིབ་འཇུག་དང་། རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་། ཡུལ་ཤུལ་གྱི་ལོ་རྒྱུས་རིག་གནས་ཐད་ཀྱི་འཇོན་མི་གསོ་སྐྱོང་སོགས་བྱས་ནས། ཡུལ་ཤུལ་གྱི་ལོ་རྒྱུས་རིག་གནས་གོང་འཕེལ་དུ་གཏོང་ཆེད་རེད།

  མཛད་སྒོར་ཞུགས་པའི་མི་སྣའི་མཉམ་པར།

  

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཚེ་དགའ།

  རྩོམ་སྒྲིག་པ། བཀྲ་ཤིས་རྣམ་རྒྱལ།

  ཞུ་དག མིག་དམར་རྒྱལ་པོ།