རྒྱ་གར་གྱིས་ཟླ་གྲུ་གཉིས་པ་རྟགས་ཅན་ས་བབ་འཕྲུལ་འཁོར་གྱི་ཞིབ་ཕྲའི་ས་གནས་གཏན་འཁེལ་བ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༨ཉིན་རྒྱ་གར་བར་ཁམས་ཞིབ་འཇུག་སྒྲིག་འཛུགས་ཀྱི་ཀྲུའུ་ཞི་ཞི་ཝང་གིས་རྒྱ་གར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་གནང་སྐབས། སྒྲིག་འཛུགས་དེས་ཟླ་སྐོར་འཕུར་བསྐྱོད་འཕྲུལ་འཁོར་གྱིས་ས་བབ་འཕྲུལ་འཁོར་གྱི་ས་གནས་གཏན་འཁེལ་བྱས་ཡོད་པ་དང་། ཆབས་ཅིག་དེའི་ཚ་མཐོང་རི་མོ་ཡང་ཐོབ་ཡོད་པ་རེད། ཡིན་ནའང་། མ་གཞི་ས་བབ་འཕྲུལ་འཁོར་གྱི་ཞིབ་ཕྲའི་ས་གནས་གཏན་འཁེལ་བྱེད་ཐུབ་ན་ཡང་། ད་ལྟའི་དུས་མཚམས་སུ་སྔར་བཞིན་དོན་དངོས་ཀྱི་འཁོར་སྐྱོད་བྱེད་པའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་པ་མ་ཟད། སྔར་བཞིན་ས་བབ་འཕྲུལ་འཁོར་བར་འཕྲིན་གཏོང་གི་འབྲེལ་མཐུད་ཐུབ་ཀྱི་མེད་ཅེས་བསྟན་འདུག གནས་ཚུལ་ཤེས་མཁན་གྱི་མི་སྣས། ཟླ་གྲུ་༢པ་རྟགས་ཅན་གྱི་ཚོགས་པས་ད་ལྟ་འབྲེལ་ཡོད་ཀྱི་འཕྲིན་གཏོང་གྲངས་གཞི་དང་ཚོར་འདྲེན་འཕྲུལ་ཆས་ཀྱི་གྲངས་གཞིར་དབྱེ་ཞིབ་དང་བརྟག་དཔྱད་བྱས་ནས། ས་བབ་འཕྲུལ་འཁོར་གྱི་འཕྲིན་གཏོང་གློ་བུར་དུ་ཆད་པའི་རྒྱུ་མཚན་འཚོལ་རྙེད་བྱེད་བཞིན་ཡོད་ཅེས་བཤད་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།