སོ་ཏི་ཨ་རབ་ཀྱིས་ནུས་ཁུངས་གསར་པའི་བློན་ཆེན་བསྐོ་བཞག་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༧ཉིན་གྱི་དགོང་མོ། སོ་ཏི་ཨ་རབ་ཀྱི་རྒྱལ་པོ་དང་དབུ་བཞུགས་བློན་ཆེན་གཅིག་ལྕོགས་ས་ལེ་མན་གྱིས་བཀའ་རྒྱ་བཏང་ནས། ཨ་པུ་ཏུ་ལེ་ཨ་ཆི་ཙེ་ཡིས་ཧྥ་རི་ཧེའི་ཚབ་བྱས་ནས་སོ་ཏི་ཨ་རབ་ཀྱི་ནུས་ཁུངས་གསར་པའི་བློན་ཆེན་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད། ཨ་པུ་ཏུ་ལེ་ཨ་ཆི་ཙེར་རྡོ་སྣུམ་ཁྱབ་ཁོངས་སུ་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་། སོ་ཏི་ཨ་རབ་ཀྱི་རྡོ་སྣུམ་ཚན་པར་ལས་ཀ་ལོ་ངོ་༣༠ལྷག་བསྒྲུབས་མྱོང་ཡོད། སྤྱི་ལོ་༡༩༩༥ལོར། ཁོང་རྡོ་སྣུམ་གྱི་བློན་ཆེན་གཞོན་པར་བསྐོ་བཞག་བྱས་པ་དང་། སྤྱི་ལོ་༢༠༡༧ལོ་ནས་བཟུང་། ཁོང་གིས་ནུས་ཁུངས་བྱ་དོན་རྒྱལ་དོན་བློན་ཆེན་གྱི་འགན་འཁུར་ཡོད། དེ་རྗེས་ཧྥ་རི་ཧེས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་ཐུའེ་ཐེ་བཏང་ནས། ཁོང་གིས་རྒྱལ་ཁབ་ཆེད་ཞབས་ཞུ་སྒྲུབ་པའི་གོ་སྐབས་བྱུང་བར་རྒྱལ་པོ་ས་ལེ་མན་དང་རྒྱལ་རྒྱུད་མོ་ཧན་མོ་དིར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། གསར་དུ་བསྐོ་བཞག་བྱས་པའི་འགོ་ཁྲིད་པས་ཚན་པ་གལ་ཆེན་དེའི་ནང་ལས་འགན་འཁུར་རྒྱུ་བདེ་བླགས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་འཇམ་དཔལ།