ཀྲུང་གོ་ཤིང་ཅང་རིག་གནས་སྤེལ་རེས་ཚོགས་པས་ཧྥ་རན་སིར་འཚམས་འདྲི་གནང་བ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྒྲིག་འཛུགས་བྱས་པའི་ཀྲུང་གོའི་ཤིང་ཅང་རིག་གནས་སྤེལ་རེས་ཚོགས་པ་སྤྱི་ཚེས་༦ཉིན་ནས་༨ཉིན་བར་ཧྥ་རན་སིར་འཚམས་འདྲི་གནང་སྟེ། ཧྥ་རན་སིའི་མུ་སི་ལིན་ཨུ་ཡོན་ལྷན་ཁང་དང་ཧྥ་རན་སིའི་རིག་གནས་པ་དང་སྤེལ་རེས་གནང་བ་མ་ཚད། ས་གནས་དེ་གའི་ཕྱིར་སྡོད་ཀྲུང་གོ་བ་དང་ཕྱི་ཁོངས་སྤུན་ཟླ་དང་བཞུགས་མོལ་གནང་སྟེ་ཤིང་ཅང་གི་གོང་འཕེལ་གནས་བབ་ངོ་སྤྲོད་གནང་ཡོད།

  སྤྱི་ཚེས་༦ཉིན་གྱི་སྔ་དྲོ། སྤེལ་རེས་ཚོགས་པའི་ཚོགས་མི་རྣམས་གདན་ཞུ་ལྟར་ཧྥ་རན་སིའི་དབྱི་སི་ལན་ཆོས་ཁང་དུ་གཟིགས་སྐོར་གནང་བ་དང་། ཧྥ་རན་སིའི་མུ་སི་ལིན་ཨུ་ཡོན་ལྷན་ཁང་དང་བཞུགས་མོལ་སྤེལ་རེས་གནང་ཡོད། སྤེལ་རེས་ཚོགས་པས་ཧྥ་རན་སིའི་ཕྱོགས་ཀྱི་ཚོགས་མིར་ཀྲུང་གོའི་ཆོས་དད་རང་མོས་སྲིད་ཇུས་དང་། དེ་བཞིན་ཤིང་ཅང་གིས་ཁྲིམས་ལྟར་ལས་རིགས་རྩལ་ནུས་སྦྱོང་བརྡར་ལས་དོན་སྤེལ་བའི་གནས་ཚུལ་ངོ་སྤྲོད་ཞུས་ཡོད། ཚེས་༦ཉིན་གྱི་ཕྱི་དྲོ། སྤེལ་རེས་ཚོགས་པ་དང་ཧྥ་རན་སིའི་རིག་གནས་པས་ཕ་རི་སིར་བཞུགས་མོལ་ཚོགས་འདུ་སྐོང་ཚོགས་བྱས་པ་དང་། སྤེལ་རེས་ཚོགས་པས་ཤིང་ཅང་གོང་འཕེལ་གྱི་གྲུབ་འབྲས་དང་། ཤིང་ཅང་གིས་རྒྱུད་གཅིག་ལམ་གཅིག་འབོད་སྐུལ་ཁྲོད་བཟུང་བའི་གནས་བབ་གལ་ཆེན་དང་ཤིང་ཅང་གནད་དོན་གྱི་ལོ་རྒྱུས་རྒྱུ་རྐྱེན་སོགས་ངོ་སྤྲོད་གནང་ཡོད། ཕྱོགས་གཉིས་པོས་ད་དུང་ཤིང་ཅང་གི་འཇིགས་སྐུལ་ལ་ངོ་རྒོལ་དང་། ཐལ་སྐྱོད་ཅན་མེད་པ་བཟོ་རྒྱུ། ལས་རིགས་རྩལ་ནུས་སློབ་གསོ་སྦྱོང་བརྡར་གྱི་ལས་ཀའི་གནས་ཚུལ་སོགས་ཀྱི་སྐོར་ལ་གྲོས་བསྡུར་རྒྱ་ཁྱབ་གནང་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། ཟླ་བ་གཡུ་སྒྲོན།