སྐབས་བཞི་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་འགྲེམས་ཚོགས་ཉིང་ཤ་རུ་ཚོགས་མཇུག་སྒྲིལ་བ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྐབས་བཞི་པའི་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་ཀྱི་དངོས་མང་བཤམས་སྟོན་འགྲེམས་ཚོགས་སྤྱི་ཚེས་༨ཉིན་ཉིང་ཤ་རུ་ཚོགས་མཇུག་སྒྲིལ་བ་དང་། དངོས་མང་བཤམས་སྟོན་འགྲེམས་ཚོགས་རིང་ཁྱོན་རྣམ་གྲངས་༣༦༢ལ་མིང་རྟགས་བཀོད་པ་དང་། རྣམ་གྲངས་དེ་དག་དེང་རབས་ཞིང་ལས་དང་། མཐོ་གསར་ལག་རྩལ། སྒྲིག་ཆས་བཟོ་བསྐྲུན་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པ་དང་། འཆར་གཞི་ལྟར་ན་སྤྱིའི་མ་འཇོག་སྒོར་དུང་ཕྱུར་༡༨༥༤དང་བྱེ་བ་༢ཟིན་ཡོད། མཉམ་ལས་གན་རྒྱ་དག་ལ་མིང་རྟགས་བཀོད་པ་དེས་རྒྱུད་གཅིག་ལམ་གཅིག་ཉེ་འགྲམ་རྒྱལ་ཁབ་དབར་བཟང་ཆ་གསབ་རེས་དང་སྒོ་དབྱེ་གོང་འཕེལ་འགྲོ་རྒྱུར་གོ་སྐབས་གསར་པ་བསྐྲུན་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། ཟླ་བ་གཡུ་སྒྲོན།