ཨ་ཧྥུ་ཀེ་ནི་སི་ཐན་སྲིད་གཞུང་གིས་ཐ་ལི་པན་གྱི་དམག་མཚམས་འཇོག་པ་དང་ཆབས་ཅིག་ཐད་ཀའི་གླེང་མོལ་བྱ་རྒྱུའི་བླང་བྱ་བཏོན་པ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༨ཉིན་ཨ་ཧྥུ་ཀེ་ནི་སི་ཐན་ཙུང་ཐུང་ལས་ཤག་གི་གསལ་བསྒྲགས་ཞིག་སྤེལ་བ་དང་། ཐ་ལི་པན་གྱི་དམག་མཚམས་འཇོག་པ་མ་ཟད་ཨ་ཧྥུ་ཀེ་ནི་སི་ཐན་སྲིད་གཞུང་དང་ཐད་ཀའི་གླེང་མོལ་བྱས་ན་གཞི་ནས་ཞི་བདེ་མངོན་འགྱུར་ཡོང་ཐུབ་ཅེས་དང་། གསལ་བསྒྲགས་ནང་། ཨ་ཧྥུ་ཀེ་ནི་སི་ཐན་གྱི་ཞི་བདེ་མངོན་འགྱུར་ཡོང་བ་བཀག་འགོག་བྱེད་མཁན་ནི་ཐ་ལི་པན་གྱི་རྒྱུན་མཐུད་ཟམ་མི་ཆད་པར་བསླངས་པའི་དམག་འཁྲུག་དང་རྩུབ་སྤྱོད་ཀྱི་བྱ་སྤྱོད་དེ་ཡིན། ཐ་ལི་པན་གྱི་དམར་གསོད་མཚམས་འཇོག་དང་། དམག་མཚམས་འཇོག་པ་དང་ཆབས་ཅིག ཨ་ཧྥུ་ཀེ་ནི་སི་ཐན་སྲིད་གཞུང་བར་ཐད་ཀའི་གླེང་མོལ་བྱས་ན་མ་གཏོགས། ཨ་ཧྥུ་ཀེ་ནི་སི་ཐན་ལ་ཞི་བདེ་དངོས་ཡོང་མི་སྲིད་ཅེས་བཤད་ཡོད། ཨ་ཧྥུ་ཀེ་ནི་སི་ཐན་སྲིད་གཞུང་གིས། གལ་ཏེ་ཨ་ཧྥུ་ཀེ་ནི་སི་ཐན་སྲིད་གཞུང་གི་འཐུས་མི་ཚོགས་པས་དེའི་ནང་མ་ཞུགས་ཚེ། ཞི་གྲོས་གང་ཞིག་ལ་ཡང་སྔོན་དཔག་གི་མཇུག་འབྲས་ཡོང་མི་སྲིད་ཅེས་བསྟན་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།