ལི་པ་ནོན་དུ་དུ་བསྐྱོད་པའི་ཀྲུང་གོའི་ཞི་སྲུང་དཔུང་སྡེས་བདེ་འཇགས་འགན་ལེན་གྱི་ནང་སྦྱོང་ལེགས་འགྲུབ་ལྡན་པའི་ངང་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༧ཉིན། ལི་པ་ནོན་དུ་བསྐྱོད་པའི་ཀྲུང་གོའི་ཞི་སྲུང་ནུས་མང་གི་བཟོ་དམག་ཡན་ལག་རུ་ཁག་ཁག་༡༨པས་བདེ་འཇགས་འགན་ལེན་གྱི་ནང་སྦྱོང་ལེགས་འགྲུབ་ལྡན་པའི་ངང་གཉེར་ཡོད་པ་དང་། ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐབས་འཕྲལ་དམག་དཔུང་གི་དཔོན་དམག་ཚོའི་ཁས་ལེན་དང་ཚད་མཐོའི་གདེང་འཇོག་ཐོབ་ཡོད་པ་རེད། ད་ཐེངས་ཀྱི་ནང་སྦྱོང་ནི་ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་དཔུང་སྡེའི་ལས་འགན་ཁུལ་དུ་གཞི་ཁྱོན་ཆེ་བའི་གདོང་ཐུག་ཐོན་པ་རྒྱབ་ལྗོངས་སུ་བྱས་ནས། གཙོ་བོ་ཀྲུང་གོའི་ཞི་སྲུང་དཔུང་སྡེས་ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔུང་སྡེའི་རྒྱལ་སྤྱིའི་ལས་བྱ་དང་དེ་བཞིན་ཁོང་ཚོའི་ནང་མི་དང་ལེན་དང་། མྱུར་སྐྱོབ། གནས་སྤོ། བཀོད་སྒྲིག་བཅས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་ནུས་པར་གཙོ་གནད་ཐོག་ཞིབ་དཔྱད་བྱས་ཡོད་པ་རེད། ནང་སྦྱོང་མཇུག་འགྲིལ་རྗེས། ལི་པ་ནོན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་ཁུངས་ཀྱི་ལས་ཚབ་འགན་འཁུར་བ་ཏེ་སོ་ས་ཡིས། ད་ཐེངས་ཀྱི་ནང་སྦྱོང་ཁྱེད་ཚོས་སྒྲིག་འཛུགས་ཡག་པོ་བྱས་འདུག ཁྱེད་རྣམས་ཚོས་སྐུ་ལས་བཀྱོན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།