རྒྱ་མཚོའི་རླུང་འཚུབ་ཨང་13པ་ལིང་ལིང་ཞེས་པས་བྱང་ཁོ་རེ་ཡར་མི་ལྔ་རྐྱེན་ལམ་དུ་བཏང་བ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་ནས་སྤྱི་ཚེས་8ཉིན་བྱང་ཁོ་རེ་ཡའི་རྒྱལ་ཁབ་ཛ་དྲག་གནོད་འཚེ་ཨུ་ཡོན་ལྷན་ཁང་གི་བསྡོམས་རྩིས་གནས་ཚུལ་ལུང་དུ་དྲངས་ནས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར། བྱང་ཁོ་རེ་ཡའི་རྒྱལ་ཁོངས་སུ་སླེབས་པའི་འདི་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་13པ་ལིང་ལིང་ཞེས་པས་མི་ལྔ་རྐྱེན་ལམ་དུ་བཏང་ཡོད་པ་དང་། མི་གསུམ་ལ་རྨས་སྐྱོན་བཟོས་ཡོད་ཅིང་། རྨས་མ་རྣམས་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། བྱང་ཁོ་རེ་ཡའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱིས་སྤྱི་ཚེས་7དང་8ཉིན་བསྟན་པའི་གསར་འགྱུར་བརྙན་མཐོང་ནས་མངོན་པར། བྱང་ཁོ་རེ་ཡའི་གྲོང་ཁྱེར་ཁག་ཅིག་གི་སྲང་ལམ་ངོགས་གཉིས་ཀྱི་ཤིང་སྡོང་རྒྱ་མཚོའི་རླུང་འཚུབ་ཀྱིས་རྐྱེན་པས་ཆག་ཡོད་པ་དང་། ལམ་ངོས་སུ་ཆུ་འཁྱིལ་བ། གྲོང་ཁྱེར་གྱི་བཟོ་སྐྲུན་ཁང་པ་ཁག་ཅིག་ལ་གཏོར་སྐྱོན་ཕོག་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། སྐལ་བཟང་བདེ་སྐྱིད།