ཤང་ཀང་ལས་རིགས་ཁག་གི་མི་སྣས་ཟླ་མཆོད་དུས་ཆེན་རིང་ཤང་ཀང་ལ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་ཞུས་པ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ།ཉེ་དུས་ཤང་ཀང་ལས་རིགས་ཁག་གི་མི་སྣས་ཟླ་མཆོད་དུས་ཆེན་རིང་ཤང་ཀང་ལ་བཅའ་སྡོད་དཔུང་སྡེའི་དཔོན་དམག་ལ་འཚམས་འདྲི་ཞུ་བའི་བྱེད་སྒོ་ཨང་ཁྲོན་ཀྲོའུ་དམག་སྒར་དུ་གཉེར་བ་དང་། འཚམས་འདྲི་ཚོགས་པ་དང་དཔོན་དམག་ནས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་དང་གཅེས་ཉར་རླངས་འཁོར་སྐོར་སྐྱོད། རིག་རྩལ་འཁྲབ་སྟོན། འཚམས་འདྲིའི་དངོས་རྫས་སྤྲོད་པ་སོགས་སྣེ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་གཉེར་ཡོད། འཁྲབ་སྟོན་ལས་རིགས་ཀྱི་མི་སྣ་དང་དཔོན་དམག་གིས་ཐུན་མོང་ཐོག་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྒྲིག་འཛུགས་བྱས་ཡོད། ཟླ་མཆོད་དུས་ཆེན་རིང་ཤང་ཀང་ལ་བཅའ་སྡོད་དཔུང་སྡེར་འཚམས་འདྲི་བྱེད་པའི་བྱེད་སྒོ་དེ་སྤྱི་ལོ་1998ལོར་འགོ་ཚུགས་པ་དང་། དེ་རྗེས། ལོ་རེའི་ཟླ་མཆོད་དུས་ཆེན་གྱི་སྔ་སྣུབ་ཏུ་བྱེད་སྒོ་དེ་གཉེར་གྱི་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། མཚམས་གཅོད།