ཕ་ཀི་སི་ཐན་གྱི་ཙུང་ཐུང་ཨར་ཝེས་ཝང་དབྱི་དང་མཇལ་འཛོམས་གནང་བ།
སྤེལ་བའི་དུས་ཚོད། : 2019-09-09 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྤྱི་ཟླ་༩པའི་ཚེས་༨ཉིན། ཕ་ཀི་སི་ཐན་གྱི་ཙུང་ཐུང་ཨར་ཝེས་དབྱི་སི་ལན་པོའི་ཙུང་ཐུང་ལས་ཤག་ཏུ་རྒྱལ་དོན་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་གཅིག་ལྕོགས་ཝང་དབྱི་དང་མཇལ་འཛོམས་གནང་ཡོད། ཨར་ཝེས། ཕ་ཀི་སི་ཐན་གྱིས་ཀྲུང་གོ་ཉིད་ཡིད་ཆེས་ཆེ་ཤོས་ཀྱི་གྲོགས་མཆོག་ཏུ་བརྩི་བ་དང་། ཀྲུང་གོས་ཡུན་རིང་ནང་ཕྱོགས་གང་ཅིའི་ཐད་རྒྱབ་སྐྱོར་ཆེན་པོ་དང་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕ་ཀི་སི་ཐན་ཕྱོགས་ནས་ཀྲུང་གོར་རྒྱལ་ཁབ་གོང་འཕེལ་འཛུགས་སྐྱོང་གི་བརྒྱུད་རིམ་འཕྲོད་འཕེལ་རིམ་གསར་པ་ཐོན་རྒྱུའི་སྨོན་འདུན་ཞུ་རྒྱུ་དང་། ཀྲུང་གོ་ཁེར་རྐྱང་དུ་འཇོག་འདོད་པ་དང་། ཀྲུང་གོ་གོང་འཕེལ་འགྲོ་རྒྱུ་བཀག་འགོག་བྱེད་འདོད་པའི་ངན་ཇུས་དག་ལ་ངོ་རྒོལ་བྱ་རྒྱུ་དང་། བྱ་ངན་དེ་ག་ལེགས་གྲུབ་མི་ཐུབ་པ་ཞིག་རེད། ཕ་ཀི་སི་ཐན་ཕྱོགས་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་༧༠སོང་ཚུན་ཐོབ་པའི་གྲུབ་འབྲས་ཆེན་པོར་རྟེན་འབྲེལ་ཞུ་རྒྱུ་དང་། ཕ་ཀི་སི་ཐན་གྱིས་ཀྲུང་གོའི་ཕྱོགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་། མཉམ་དུ་ཤར་ཐུར་ཁེ་སི་ཐན་དབྱི་སི་ལན་ལས་འགུལ་ཟེར་བའི་འཇིགས་སྐུལ་སྟོབས་ཤུགས་སོགས་ལ་རྡུང་རྡེག་བཏང་ནས་ཕ་ཀི་སི་ཐན་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་རྣམ་གྲངས་ཀྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བྱ་འདོད་ཡོད་པ་བསྟན་འདུག

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། ཟླ་བ་གཡུ་སྒྲོན།