ཕི་རུ་པིང་ལྷོ་རྒྱུད་དུ་འབར་གས་ཐོན་ནས་ མི་༧རྨས་སྐྱོན་བྱུང་བ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་༧ཉིན་ཕི་རུ་པིང་ཉེན་རྟོག་ཕྱོགས་ཀྱིས། སུའུ་ཏན་ཁུའུ་ད་ལ་མངའ་སྡེའི་ལྟེ་བའི་གྲོང་ཁྱེར་དབྱི་སུའུ་ལན་གྲོང་ཁྱེར་གྱི་སྤྱི་པའི་ཁྲོམ་རའི་སྒོའི་མདུན་དུ་འབར་གས་ཐོན་པ་དང་། འགྲིམ་འགྲུལ་སྣེ་ཁྲིད་པ་ཚུད་པའི་མི་༧རྨས་སྐྱོན་བྱུང་ཡོད། རྨས་སྐྱོན་ཕོག་མཁན་ཚང་མ་ས་གནས་འདི་གའི་སྡོད་དམངས་ཡིན་ཞིང་། མིག་སྔར་སྨན་ཁང་དུ་མྱུར་སྐྱོབ་བྱེད་པར་བཀྱེལ་ཡོད། མིག་སྔར་ཡང་སྒྲིག་འཛུགས་གང་རུང་དང་མི་སྒེར་སུ་འདྲ་ཞིག་གིས་ཐེངས་འདིའི་འབར་གས་དོན་རྐྱེན་ཐོན་པར་འགན་འཁུར་རྒྱུ་ཡིན་པའི་ཁས་ལེན་བྱས་མེད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།