དབྱི་རན་གྱིས་སྔོན་ཐོན་ཅན་གྱི་ལྟེ་བྲལ་འཕྲུལ་འཁོར་ལས་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་རན་གསར་འགྱུར་བརྙན་འཕྲིན་ལས་ཁུངས་ཀྱི་སྤྱི་ཚེས་༧ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། དབྱི་རན་རྡུལ་ཕྲན་ནུས་པའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་ཁ་མའེ་ལེ་ཝན་ཏིས་ཉིན་དེར། དུས་མཚམས་གསུམ་པའི་དབྱི་རན་གྱི་རྡུལ་སྙིང་གྲོས་མཐུན་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་བྱ་ཐབས་ཡིན་པའི་ངོས་ནས། དབྱི་རན་གྱིས་སྔོན་ཐོན་ཅན་གྱི་ལྟེ་བྲལ་འཕྲུལ་འཁོར་ལས་འགོ་བཙུགས་ནས། ཡའུ་གར་བཟོའི་གསོག་ཚད་མང་དུ་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་ཡོད། མིག་སྔའི་བར་སླེབས་དུས། དབྱི་རན་གྱིས་བརྒྱ་ཆ་ཉིས་ཤུའི་ཕྱུག་ཚད་ཡོད་པའི་གར་བཟོའི་ཡའུ་སོགས་མཚོན་ཆ་རིམ་པའི་རྡུལ་སྙིང་ལག་རྩལ་དང་འབྲེལ་བའི་འབྲེལ་ཡོད་བྱེད་སྒོ་སྤེལ་མེད་ཅེས་བསྟན་ཡོད་པ་རེད། དེ་དང་ཆབས་ཅིག དབྱི་རན་གྱིས་སྔར་རྒྱུན་བཞིན། རྡུལ་སྙིང་ལག་རྩལ་གོང་འཕེལ་གཏོང་བའི་དམིགས་ཡུལ་ནི་ཞི་བའི་སྒོ་ནས་རྡུལ་སྙིང་བེད་སྤྱོད་བྱས་པ་དང་། གལ་ཏེ་དབྱི་རན་གྱིས་དབྱི་རན་རྡུལ་སྙིང་གྲོས་མཐུན་ནང་གི་ཁེ་ཕན་ལ་འགན་ལེན་བྱེད་ཐུབ་ན། དབྱི་རན་གྱིས་གྲོས་མཐུན་ལག་བསྟར་བྱ་རྒྱུ་སླར་གསོ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།