ནེ་པ་ལེའི་ཙུང་ཐུང་གཞོན་པས་ཀྲུང་གོས་ཁེ་ལས་སྔར་བས་མང་བ་འདི་གར་ཡོང་ནས་མ་འཇོག་དང་ལས་ཀ་གཉེར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་པ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ༢༠༡༩ལོའི་ནེ་པ་ལ་དང་ཀྲུང་གོའི་དཔལ་འབྱོར་ཉོ་ཚོང་གླེང་སྟེགས་སྤྱི་ཚེས་༧ཉིན་ནེ་པ་ལེའི་རྒྱལ་ས་ཀ་ཏེ་མན་ཏུར་གཉེར་ཡོད། གླེང་སྟེགས་ལ་ཞུགས་མཁན་ནེ་པ་ལའི་ཙུང་ཐུང་གཞོན་པ་ཕུ་ཨེན་གྱིས་ཀྲུང་གོའི་ཁེ་ལས་སྔར་བས་མང་བ་འདི་གར་ཡོང་ནས་མ་འཇོག་དང་ལས་ཀ་གཉེར་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད། ཕུ་ཨེན་གྱིས་ཤེས་ཚིག་གསུང་སྐབས། ཀྲུང་གོས་རྒྱུད་གཅིག་ལམ་གཅིག་གྲོས་འགོ་བཏོན་པ་ནས་བཟུང་། ནེ་པ་ལ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོས་རྨང་གཞིའི་སྒྲིག་བཀོད་དང་། མཉམ་འབྲེལ་མཉམ་མཐུད། ཉོ་ཚོང་སོགས་ཕྱོགས་མང་པོའི་ཐད་ཀྱི་མཉམ་ལས་ལ་གོང་འཕེལ་ཆེན་པོ་བྱུང་ཡོད་པས། མི་རྣམས་དགའ་ཚོར་བྱུང་ཡོད་ཅེས་དང་། ཕུ་ཨེན་གྱིས། ནེ་པ་ལ་ནི་གོ་སྐབས་ཀྱི་ཁེངས་པའི་ས་ཆ་ཞིག་ཡིན་པ་དང་། ཀྲུང་གོའི་ཁེ་ལས་མཁས་པ་སྔར་བས་མང་བ་མ་འཇོག་དང་ལས་གཉེར་བྱེད་པར་ཡོང་ནས། ནེ་པ་ལེ་དེ་ཉིད་དར་རྒྱས་ལྡན་པའི་ནེ་པ་ལ་དང་། བདེ་སྐྱིད་ལྡན་པའི་ནེ་པ་ལ་བ་ཞིག་གི་རྒྱལ་ཁབ་ཀྱི་ཕུགས་འདུན་གང་མགྱོགས་མངོན་འགྱུར་ཡོང་རྒྱུར་རོགས་རམ་གནང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།