མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ཀྲོན་ཡོན་པ་ཆེ་ལའེ་ཐེས་ཤང་ཀང་དུ་རྩུབ་སྤྱོད་གཏོར་བཤིག་བྱ་སྤྱོད་ཐོན་པར་ཁ་རྡུང་བཏང་བ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༩ཚེས་༤ཉིན། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་ཀྲོན་ཡོན་པ་ཆེ་ལའེ་ཐེས་ལོ་འཁོར་གྱི་འཆར་ཅན་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་ཐོག གསར་འགོད་པའི་དྲི་བར་ལན་བཀྱོན་སྐབས། ཀྲུང་གོའི་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ལིན་ཀྲེང་ཡོས་ཨེ་ཡིས་སྐད་ཆ་ཤོས་རེད་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པ་ཁྱབ་བསྒྲགས་བྱས་པར་སྐུལ་ལྕག་ཐེབས་བྱུང་། རྣམ་པ་གང་རུང་གི་གཏུམ་སྤྱོད་དང་རྒྱུ་ནོར་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད་ལ་ཁ་རྡུང་གཏོང་རྒྱུ་ཡིན་ལ། འགོག་རྒོལ་རྔམ་སྟོན་བྱེད་སྒོ་དེ་ཞི་བདེའི་རྣམ་པའི་ཐོག་ནས་སྤེལ་དགོས་པའི་ནན་སྟོན་བྱས་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།