ཝང་ཧུའུ་ཉིང་ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་ལ་ཞུགས་གནང་བ།
སྤེལ་བའི་དུས་ཚོད། : 2019-09-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  སྤྱི་ཚེས་༧ཉིན། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་སེམས་ལ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁག་དང་པོའི་ཕྱོགས་སྡོམ་དང་ཁག་གཉིས་པའི་བཀོད་སྒྲིག་གྲོས་ཚོགས་པེ་ཅིང་དུ་འཚོགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཝང་ཧུའུ་ཉིང་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་གསུང་བཤད་གནང་ཡོད། ཁོང་གིས། ད་ཐེངས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་གཉེར་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་ཐུབ་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་ཇུས་འགོད་ཡག་པོ་དང་སྒྲིག་འཛུགས་ཡག་པོ་བྱས་ནས་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་རྒྱུར་འགན་ལེན་བྱེད་དགོས་ཞེས་གསུངས་གནང་བ་དང་།

  ཝང་ཧུའུ་ཉིང་གིས། ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོར་གལ་ཆེའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། དུས་རབས་གསར་པའི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་པོ་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་ཐད་ཉམས་མྱོང་གལ་ཆེན་གསོག་འཇོག་བྱས་ཡོད། ཆབ་སྲིད་ཀྱི་འགན་སེམས་ཆེན་པོ་བཅངས་ནས་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་རྩ་བའི་ལས་འགན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། ཐོག་མའི་བསམ་འདུན་སྲུང་བ་དང་། འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་ལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དམ་འཛིན་བྱས་ཏེ། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག གནད་དོན་ལ་ལྟ་ཞིབ། ལེགས་བཅོས་དོན་འཁྱོལ་བཅས་སྔར་བར་ཕྱི་གསུམ་དུ་ཁྱབ་པ་བྱེད་དགོས། ཚད་གཞིའི་བླང་བྱ་རྒྱུན་འཁྱོངས་བྱ་རྒྱུར་སྣང་ཆེན་དང་། རིམ་པ་དབྱེ་བ་དང་རིགས་དབྱེ་བའི་མཛུབ་ཁྲིད་ལ་སྣང་ཆེན། དོན་དངོས་གནད་དོན་ཐག་གཅོད་བྱ་རྒྱུར་སྣང་ཆེན། སྒོ་དབྱེ་ནས་སློབ་གསོའི་ལས་དོན་སྤེལ་རྒྱུར་སྣང་ཆེན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་བྱ་རྒྱུར་སྣང་ཆེན་བཅས་བྱས་ཏེ། མང་ཚོགས་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ལས་ཐོབ་པའི་འགྱུར་བ་གསར་པ་དང་ཕན་འབྲས་གསར་པ་ཚོར་ཐུབ་པ་བྱེད་དགོས། རིམ་ཁག་ཏང་ཨུད་དང་༼ཏང་ཙུའུ་༽ཡི་འགོ་ཁྲིད་ཀྱི་འགན་འཁྲི་ནན་དུ་གཏོང་དགོས་ཞེས་གསུངས་པ་རེད།

  ཁྲེན་ཞི་ནས་གྲོས་ཚོགས་གཙོ་སྐྱོང་གནང་བ་མ་ཟད་ཁོང་གིས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། རང་ས་ཁུལ་དང་རང་སྡེ་ཁག རང་ཚན་པ་བཅས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་ལེགས་གྲུབ་ལྡན་པའི་ཉམས་མྱོང་ཕྱོགས་སྡོམ་དང་བཀོལ་སྤྱོད་བྱས་ཏེ་ཁག་གཉིས་པོའི་བརྗོད་དོན་གཙོ་བོའི་སློབ་གསོ་ཇུས་འགོད་ཡག་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་༼ཏང་ཙུའུ་༽ཡིས་གཙོ་གཟུགས་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོར་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས་གནང་ཡོད་པ་རེད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ཡིག་སྒྱུར། མིག་དམར་རྒྱ་མཚོ།