ཝེ་ནི་ཙུའི་ལ་སྲིད་གཞུང་གིས་ཞིབ་དཔྱོད་ལས་ཁུངས་ནས་ཀོ་དབྱི་ཏོས་རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པའི་ཉེས་བསགས་རྟག་དཔྱད་མཐར་ཕྱིན་པ་བྱེད་དགོས་པའི་བླང་བྱ་བཏོན་པ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཝེ་ནི་ཙུའི་ལའི་ཙུང་ཐུང་གཞོན་པ་ཏེ་ལི་ག་སིས་སྤྱི་ཚེས་༥ཉིན་བརྙན་འཕྲིན་གསུང་བཤད་གནང་སྐབས། རྒྱལ་ཁབ་ལ་རྒྱབ་གཏོད་བྱས་པའི་ཉེས་བསགས་དོགས་པ་ཡོད་པའི་རྐྱེན་གྱིས་ཝེ་ནི་ཙུས་ལ་སྲིད་གཞུང་གིས་ཞིབ་དཔྱོད་ལས་ཁུངས་ནས་ཝེ་ནི་ཙུས་ལའི་གྲོས་ཚོགས་ཁང་གི་ཀྲུའུ་ཞི་ཀོ་དབྱི་ཏོ་དང་དེའི་གཤམ་འོག་ལ་རྟག་དཔྱད་མཐར་ཕྱིན་པ་བྱེད་དགོས་པའི་བླང་བྱ་བཏོན་འདུག ལོ་ཏེ་ལི་ག་སིས། ཀོ་དབྱི་ཏོའི་བློ་འདྲི་ཡུལ་ཨ་ཝུན་ཏ་ཉི་ཨའོ་དང་ཝེ་ནི་ཙུའི་ལའི་རུས་རྒྱུད་ཀྱི་ཨ་རི་བ་ནོ་དབྱི་མན་གཉིས་ཁ་པར་བརྒྱབ་རེས་བྱས་པའི་ནང་ཝེ་ནི་ཙུའི་ལ་སྲིད་གཞུང་ནས་ཀུའི་ཡ་ན་དང་རྩོད་གཞི་ཡོད་པའི་ཨེ་སའི་ཁུའི་པོའི་མངའ་ཁོངས་ས་ཆ་དོར་རྒྱུའི་རེ་བ་བཏོན་པའི་འདོད་ཚུལ་ལ་གྲོས་སྡུར་བྱས་ཡོད་པ་རེད་ཅེས་དང་ལོ་ཏེ་ལི་ག་སིས་ཁ་པར་ནང་སྐད་ཆ་ཤོད་རེས་བྱས་པའི་སྒྲ་ཕབ་དེ་ཡོངས་བསྒྲགས་གནང་ཡོད་པ་མ་ཟད་ནོ་དབྱི་མན་ཨ་རིའི་རྒྱལ་སྲུང་པུའུ་རུ་ལས་ཀ་བྱེད་ཀྱི་ཡོད་པ་རེད་ཅེས་གསུངས་འདུག དོན་དེར་དམིགས་ནས་ཝེ་ནི་ཙུའི་ལའི་ཙུང་ཐུང་མ་ཏུ་ལོས་ཞིབ་དཔྱོད་ལས་ཁུངས་ནས་ཀོ་དབྱི་ཏོའི་རྒྱལ་ཁབ་ཀྱི་བདག་དབང་ལ་གནོད་འཚེ་གཏོང་བ་དང་རྒྱལ་ཁབ་ལ་རྒྱབ་གཏོད་བྱེད་པའི་ཉེས་བསགས་ལ་རྟག་དཔྱད་མཐར་ཕྱིན་པ་བྱེད་དགོས་པའི་བཀའ་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།