ཨ་རིའི་དཔོན་རིགས་ཀྱིས་ཨ་རིས་ཡལ་མོན་གྱི་ཧུའུ་སད་དྲག་ཆས་དང་སྐད་ཆ་ཤོད་རེས་བྱེད་བཞིན་ཡོད་ཅེས་བཤད་པ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཨ་རིའི་ཉེ་ཤར་བྱ་དོན་གྱི་འགན་འཁུར་མཁན་རྒྱལ་དོན་བློན་ཆེན་གྱི་ལས་རོགས་ཧྲེན་ཁེར་གྱིས་སྤྱི་ཚེས་༥ཉིན་སོ་ཐེ་ཨ་རོབ་ལ་འཚམས་འདྲི་ཞུ་སྐབས། ཨ་རིས་ཡལ་མོན་གྱི་ཧུའུ་སད་དྲག་ཆས་དང་སྐད་ཆ་ཤོད་རེས་བྱེད་བཞིན་ཡོད་ཅིང་ཕྱོགས་ཁག་གིས་དང་ལེན་ཞུ་ཐུབ་པའི་དབྱེ་འབྱེད་གྲོས་མོལ་བྱས་པ་བརྒྱུད་ཡལ་མོན་གྱི་གདོང་གཏུག་ཐག་གཅོད་བྱེད་པའི་ཇུས་གཞི་ཞིག་འཚོལ་རྩིས་བྱེད་ཀྱི་ཡོད་ཅེས་བཤད་འདུག

ཧྲེན་ཁེར་གྱིས། ང་ཚོས་སེམས་ནུས་གཅིག་བསྡུས་བྱས་ནས་ཡལ་མོན་གྱི་དམག་འཁྲུག་མཇུག་འགྲིལ་ཐབས་བྱེད་ཀྱི་ཡོད་ཅེས་བཤད་འདུག སྤྱི་ལོ་༢༠༡༤ལོའི་ཟླ་༩པར། ཧུ་སའི་དྲག་ཆས་ཀྱིས་ཡལ་མོན་གྱི་རྒྱལ་ས་ས་ན་འཕྲོག་རྗེས་ཡལ་མོན་གྱི་ལྷོ་རྒྱུད་ས་ཁུལ་བཙན་བཟུང་བྱས་པས་ཡལ་མོན་གྱི་ཙུང་ཐུང་ཧ་ཏི་སོ་ཐེ་ཨ་རོབ་ལ་ཉེན་གཡོལ་ལ་མ་འགྲོ་ཀ་མེད་བཟོས་པ་རེད། སྤྱི་ལོ་༢༠༡༥ལོའི་ཟླ་༣པར་སོ་ཐེ་ཨ་རོབ་སོགས་རྒྱལ་ཁབ་ཀྱིས་མིང་ལ་ཁོ་ཐག་ཆོད་པའི་རླུང་འཚུབ་ཟེར་བའི་དམག་དོན་བྱ་སྤྱོད་སྤེལ་ཏེ་ཧུ་སའི་དྲག་ཆས་ལ་རྡུང་རྟེག་བཏང་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།