ཀྲང་ཁྲུན་ཞན་གྱིས་བྱང་ཁོ་རི་ཡའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༡འཁོར་བར་སྣེ་ལེན་ཚོགས་འདུར་ཞུགས་གནང་བ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། བྱང་ཁོ་རི་ཡའི་གདན་ཞུས་ལྟར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན་གྱིས་སྤྱི་ཚེས་༥ཉིན་བྱང་ཁོ་རི་ཡའི་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༡འཁོར་བའི་སྣེ་ལེན་ཚོགས་འདུར་ཞུགས་གནང་བ་མ་ཟད་ཤེས་ཚིག་གསུང་གནང་ཡོད། དེའི་རིང་ཀྲུང་གོར་བཅའ་སྡོད་བྱང་ཁོ་རི་ཡའི་གཞུང་ཚབ་ཆེན་མོ་བ་ཁྲི་ཙའེ་ལུང་དང་ལྷན་དུ་ཀྲུང་གོ་དང་བྱང་ཁོ་རི་ཡའི་བར་གྱི་འབྲེལ་བར་དགོངས་འཆར་བརྗེ་རེས་གནང་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།