དབྱི་ཏ་ལིའི་ཙུང་ལི་ཁུང་ཐེས་འགོ་ཁྲིད་པའི་སྐབས་གསར་པའི་སྲིད་གཞུང་གིས་རོ་མར་འགན་བཞེས་དམ་བཅའ་འཇོག་པ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། དབྱི་ཏ་ལིའི་ཙུང་ལི་ཁུང་ཐེས་འགོ་ཁྲིད་པའི་སྐབས་གསར་པའི་སྲིད་གཞུང་གིས་སྤྱི་ཚེས་༥ཉིན་རོ་མར་འགན་བཞེས་དམ་བཅའ་བཞག་ཡོད། སྐབས་གསར་པའི་དབྱི་ཏ་ལིའི་སྲིད་གཞུང་གི་པུའུ་ཀྲང་༢༡ནང་། མི་སེར་རིང་ལུགས་སྲིད་ཏང་གི་སྐར་ལྔའི་ལས་འགུལ་ནས་མི་བཅུ་ཡོད་པ་དང་། གཡོན་དབུས་སྲིད་ཏང་དམངས་གཙོ་ཏང་ནས་མི་དགུ་ཡོད་པ་རེད། ཕྱི་ཕྱོགས་ནས། ནང་བློན་ཁང་གསར་པའི་ཁོངས་མི་བདམས་པ་ནི་སྲིད་གཞུང་གསར་པས་ཡོ་རབ་མནའ་འབྲེལ་ལ་ཕྱོགས་པའི་སྲིད་ཇུས་དེ་བས་མང་བ་བཟུང་རྒྱུ་ཡིན་པའི་ངོས་འཛིན་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། བསྟན་འཛིན་དབང་རྒྱལ།