རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་ཞིང་ལྗོངས་དང་གྲོང་ཁྱེར་གྱི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་སྤྱི་ཚེས་5ཉིན་ ཞིང་ལྗོངས་དང་གྲོང་ཁྱེར་གྱི་མུ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་ཚུན། ཧྲན་ཞི་ལ་ཐོབ་པའི་གོང་འཕེལ་གྲུབ་འབྲས་ལ་དོ་ཁུར་བྱས་ཡོད་པ་རེད།

ལོ་ངོ་70འི་རིང་། ཧྲན་ཞི་ཡི་དཔལ་འབྱོར་སྤྱི་འབོར་དང་མི་རེའི་ཆ་སྙོམས་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་པ་དང་། ཐོན་ལས་མཐུན་སྦྱོར་གོང་འཕེལ་ཐེངས་གསུམ་དང་། གསར་དར་བཟོ་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ། ཞབས་ཞུའི་ལས་རིགས་ཀྱིས་དཔལ་འབྱོར་འཕར་སྣོན་འགྲོ་རྒྱུར་ལེགས་སྐྱེས་འབུལ་ཚད་བརྒྱ་ཆ་71.7ཟིན་ཡོད་པས། ཐོག་མའི་ཆ་ནས་ཧྲན་ཞི་ཡི་དམིགས་བསལ་ཁྱད་ཆོས་ལྡན་པའི་དེང་རབས་ཐོན་ལས་མ་ལག་གཅིག་གྲུབ་ཡོད། ཧྲན་ཞི་ཞིང་ཨུད་ཀྱི་ཧྲུའུ་ཅི། ཧྲན་ཞི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལུའོ་ཧུད་ཉིང་གིས། ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་གཏོང་ཆོག་པའི་ཡོང་འབབ་ཁག་སོ་སོར་ལྡབ་245དང་ལྡབ་156འཕར་སྣོན་བྱུང་བ་དང་། མི་རེའི་ཆ་སྙོམས་འཛད་སྤྱོད་གཏོང་སྒོ་ཁག་སོ་སོར་ལྡབ་211དང་ལྡབ་129འཕར་སྣོན་བྱུང་ཡོད། སྤྱི་ལོ་2018ལོའི་ལོ་མཇུག་བར་ཞིང་ཆེན་དེ་ཡོངས་སུ་དབུལ་སྒྲོལ་ཐུབ་པའི་རྫོང་41དང་དབུལ་ཕོངས་ཐོན་ཚད་བརྒྱ་ཆ་1དང་གྲངས་ཆུང་1བར་ཆག་ཡོད་ཅེས་བསྟན་ཡོད་པ་རེད།

ཧྲན་ཞི་ནུས་ཁུངས་ཐོན་སྐྱེད་གཞི་ཁྱོན་ཅན་དང་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། ཕྱི་ཕྱོགས་སུ་གཏོང་བའི་རྡོ་སོལ་རྒྱལ་ཡོངས་ཀྱི་གསུམ་ཆ་གཉིས་ཡན་གྱི་ཞིང་ཆེན་ལ་ཁྱབ་ཡོད། ཧྲན་ཞི་ཡིས་ནུས་ཁུངས་གསར་བརྗེའི་སྔོན་བསྐྱོད་དམག་ལྟ་བུ་གཏོད་རྒྱུ་དང་། རྗེས་ལུས་ཐེབས་པའི་ཐོན་ནུས་མེད་པ་བཟོ་བའི་གོམ་སྟབས་མགྱོགས་སུ་གཏོང་བ། མཁོ་སྤྲོད་ཀྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་པ་རེད། ལུའོ་ཧུད་ཉིང་གིས། མིག་སྔར་ནགས་ཚལ་ཁྱབ་ཚད་བརྒྱ་ཆ་30ཡན་གྱི་རྫོང་དང་གྲོང་ཁྱེར། ཁུལ་བཅས་39བར་ཁྱབ་ནས། ཞིང་ཆེན་དེ་ཡོངས་ཀྱི་གསུམ་ཆ་གཅིག་ཟིན་ཡོད། ང་ཚོས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་སྔར་ལས་ལྷག་པ་བརྒྱབ་པ་དང་། རི་གཉིས་ཆུ་བདུན་ཞེས་པའི་སྐྱེ་ཁམས་ལས་གཞི་ལག་བསྟར་བྱས་པས། དཔལ་འབྱོར་འཁོར་རྒྱུག་དང་སྐྱེ་ཁམས་ཁོར་ཡུག་གི་འཕེལ་ཕྱོགས་བཟང་པོ་བྱུང་ཡོད་ཅེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མཚམས་གཅོད།