ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ནང་བརྟན་པོར་ངེས་ཞེས་པའི་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གི་མཛུབ་ཁྲིད་བསམ་འཆར་པར་འགྲེམས་བྱས།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཉེ་ཆར། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ནང་བརྟན་པར་ངེས་ཞེས་པའི་ཀྲུང་དབྱང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་གིས་ཁག་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ནང་བརྟན་པར་ངེས་ཞེས་ པའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཞེས་པ་པར་འགྲེམས་བྱས་པ་རེད། བསམ་འཆར་ལྟར། ཁག་གཉིས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་དེ་སྤྱི་ལོ་༢༠༡༩ལོའི་ཟླ་༩པ་ནས་འགོ་བཙུགས་ཏེ་སྤྱི་ཟླ་༡༡པའི་ཟླ་མཇུག་ཏུ་གཞི་རྩའི་ཆ་ནས་མཇུག་འགྲིལ་རྒྱུ་ཡིན་ཞིང་གཙོ་བོ་ཀྲུང་དབྱང་ནས་དོ་དམ་བྱེད་པའི་མཐོ་རིམ་སློབ་ཆེན་དང་མཐོ་རིམ་སློབ་ཆེན་གཞན་དག གྲོང་ཁྱེར་དང་རྗོང་ཁག་གི་ལས་ཁུངས་དང་དེ་གའི་ཐད་གཏོགས་ཚན་པ། ཁེ་ལས་བྱ་གཞག་ཚན་པ། ཤང་དང་གྲོང་རྡལ། སྲང་ལམ། གྲོང་ཚོ། སྡེ་ཁུལ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས། སྤྱི་ཚོགས་སྒྲིག་འཛུགས། གཞི་རིམ་སྒྲིག་འཛུགས་གཞན་དག ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོའི་ནང་ཞུགས་མེད་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ཀྲུང་དབྱང་ནས་དོ་དམ་བྱེད་པའི་དངུལ་རྩའི་ཁེ་ལས། ཀྲུང་དབྱང་ནས་དོ་དམ་བྱེད་པའི་ཁེ་ལས་ཀྱི་མངག་གཏོང་བྱས་པ་དང་ཡན་ལག་ཉིང་ལག་རུ་ཁག་བཅས་ཚུད་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། སྐྱིད་པོ།