ཤིན་ཧྭ་གསར་འགྱུར་ཁང་གི་སྐབས་དོན་དཔྱད་བརྗོད་ཁ་བཤད་ལག་བསྟར་བྱས་ཏེ་གོང་འཕེལ་ལ་བརྟེན་ནས་ཤང་ཀང་གི་སྤྱི་ཚོགས་ཀྱི་གཏིང་ཟབ་པའི་གནད་དོན་ཏན་ཏིག་ངང་སེལ་དགོས་ཞེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-09-06 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་༥ཉིན། ཤིན་ཧྭ་གསར་འགྱུར་ཁང་གིས་སྐབས་དོན་དཔྱད་བརྗོད་འགོ་བརྗོད་དུ་ཁ་བཤད་ལག་བསྟར་བྱས་ཏེ་གོང་འཕེལ་ལ་བརྟེན་ནས་ཤང་ཀང་གི་སྤྱི་ཚོགས་ཀྱི་གཏིང་ཟབ་པའི་གནད་དོན་ཏན་ཏིག་ངང་སེལ་དགོས་ཞེས་པ་གཏོང་སྤེལ་བྱས་ཡོད།

རྩོམ་ཡིག་ནང་། ཤང་ཀང་དུ་ཡུན་རིང་གནས་པའི་སྤྱི་ཚོགས་ཀྱི་གཏིང་ཟབ་པའི་འགལ་ཟླ་དང་གནད་དོན་ལ་ངེས་པར་དུ་མཐོང་ཆེན་དང་ཐག་གཅོད་བྱེད་པའི་དུས་ལ་སླེབས་ཡོད། ཉེ་བའི་ཟླ་བ་གསུམ་ཚུན་དུ། ཁྲིམས་སྲོལ་བཟོ་བཅོས་གྱི་གནད་དོན་གྱིས་འགལ་ཟླ་དང་གནད་དོན་གྱི་ཚབས་ཆེའི་རང་བཞིན་མངོན་གསལ་དོད་པོར་གྱུར་ཡོད་པས་ཤང་ཀང་སྤྱི་ཚོགས་ལས་རིགས་ཁག་གིས་སྟངས་འཛིན་གྱི་གནས་སུ་ལོག་པ་དང་། གནད་འགག་འཚོལ་བ། བྱ་ཐབས་འཚོལ་བ། ཐབས་ལམ་འཚོལ་བ་བཅས་བྱས་ཏེ། དཔལ་འབྱོར་དང་། སྤྱི་ཚོགས། དམངས་གཙོ་བཅས་གོང་འཕེལ་དང་ལེགས་བཅོས་བྱ་རྒྱུར་གཞིག་པ་དང་། དུས་ཡུན་རིང་པོའི་ནང་ཆགས་པའི་གནད་དོན་ཁག་ཞི་ལྷོད་དུ་འགྲོ་བ་བྱེད་པ། རྩ་བ་ནས་ཤང་ཀང་གི་འབྱུང་འགྱུར་དར་རྒྱས་བརྟན་ལྷིང་ཡོང་རྒྱུར་རྨང་གཞི་བརྟན་པོ་འདིང་དགོས་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
ཡིག་སྒྱུར། མིག་དམར་རྒྱ་མཚོ།