འབྲུག་ཡུལ་དུ་ནད་ཡམས་བྱུང་ཞིང་ཉུང་མཐར་ཡང་མི་4གྲོངས་པ།
སྤེལ་བའི་དུས་ཚོད། : 2019-09-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཤིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་ཆར། འབྲུག་ཡུལ་དུ་ཏེནཀོ་རེ་(登革热)ནད་ཡམས་བྱུང་ཞིང་། རྒྱལ་ཡོངས་ཀྱི་རྫོང་20ལས་རྫོང་ཁག་18ལ་ནད་ཡམས་ཁྱབ་ཡོད་པ་དང་། ནད་ཡམས་དེས་ཉུང་མཐར་ཡང་མི་4ཡི་ཚེ་སྲོག་ཕྲོགས་ཡོད་པ་རེད། ཐེངས་འདིའི་ནད་ཡམས་ནི་ཉེ་བའི་ལོ་ཤས་རིང་འབྲུག་ཡུལ་དུ་བྱུང་བའི་ནད་ཡམས་ཚབས་ཆེ་ཤོས་དེ་ཡིན་པ་རེད།

  འབྲུག་ཡུལ་འཕྲོད་བསྟེན་སྡེ་ཚན་གྱིས་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལྟར་ན། རྒྱལ་ཡོངས་སུ་ནད་ཡམས་དེ་འགོས་པ་འདྲ་བའི་ནད་པ་7664ཐོན་ཡོད་པའི་ནང་། ནད་པ་1989ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱས་ཡོད། ནད་ཡམས་དེ་ཚབས་ཆེ་ཤོས་ཀྱི་ས་ཆ་ནི་འབྲུག་ཡུལ་ལྷོ་རྒྱུད་དུ་གནས་པའི་གྲོང་ཁྱེར་ཕུན་ཚོགས་གླིང་ཡིན་པ་དང་། གྲོང་ཁྱེར་དེའི་ནད་པས་རྒྱལ་ཡོངས་ནད་པའི་77%ཟིན་ཡོད།

  ཏེན་ཀོ་རེ་ནད་ཡམས་ནི་དུག་སྦྲང་བརྒྱུད་འགོ་བའི་ནད་ཡམས་ཤིག་ཡིན་ཞིང་། གཙོ་བོ་ཚ་ཁུལ་དང་ཚ་ཁུལ་ཕལ་བའི་ས་ཁུལ་དུ་ཐོན་མང་པ་དང་། ནད་རྟགས་གཙོ་བོ་ནི་ཡུན་རིང་ཚ་བ་རྒྱས་པ་དང་མགོ་གཟེར་བ། ཤ་གནད་ན་བ། ཚིགས་ན་བ་སོགས་ཡིན།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝང་ཧྥེ།

  སྒྲིག་སྒྱུར། པད་མ།