མཉམ་འབྲེལ་རྒྱལ་ཚོཊ་ཀྱིས་ཕ་སྐད་ཀྱི་ཡིག་རྨོངས་སེལ་བར་མཐོང་ཆེན་བྱེད་བཞིན་པ།
སྤེལ་བའི་དུས་ཚོད། : 2019-09-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་སྒྲིག་འཛུགས་ཀྱིས་སྤྱི་ཟླ་9ཚེས་9ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སིའི་སྤྱི་ཁྱབ་ཁང་དུ་རྒྱལ་སྤྱིའི་ཡིག་རྨོངས་སེལ་བའི་ཉིན་མོའི་ཚོགས་འདུ་དང་རྒྱལ་སྤྱིའི་ཡིག་རྨོངས་སེལ་བའི་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོག་རྒྱུ་ཡིན་ཞིང་། བྱ་དགའ་དེ་ད་ལོའི་ “ཡིག་རྨོངས་སེལ་རྒྱུ་དང་སྐད་ཡིག་སྣ་མང་སྤྱོད་པ” ཞེས་པའི་བརྗོད་དོན་དང་འབྲེལ་བའི་ཕུལ་བྱུང་ལས་དོན་ལ་བསྩལ་རྒྱུ་རེད།

  གོ་ལ་ཧྲིལ་པོ་གཞི་གཅིག་ཅན་དང་གློག་རྡུལ་ཅན་དུ་གྱུར་བ་ཡིས་འཛམ་གླིང་ཁྱོན་དུ་སྐད་རིགས་སྣ་མང་གནས་པར་དཀའ་ངལ་སྔར་ལས་ཆེ་བ་བྱུང་ཡོད་པ་དང་། ད་ཆ་འཛམ་གླིང་ཡོངས་ཀྱི་མི་འབོར་40%ཙམ་གྱིས་རང་ཉིད་ཀྱི་ཕ་སྐད་ཐོག་ནས་སློབ་སྦྱོང་བྱེད་ཐབས་བྲལ་ཏེ་སྐད་རིགས་གཞན་པའི་ཐོག་ནས་སློབ་གསོ་མྱོང་དགོས་ཀྱི་ཡོད། སློབ་གསོ་ཚན་རྩལ་རིག་གནས་སྒྲིག་འཛུགས་ཀྱིས་གནད་དོན་ཚབས་ཆེན་དེར་དམིགས་ནས་ཕ་སྐད་ཀྱི་ཡིག་རྨོངས་སེལ་བའི་སློབ་གསོ་དར་སྤེལ་གཏོང་བཞིན་ཡོད་པ་དང་། དེ་ཉིད་ཡི་གེ་སློབ་པའི་ནུས་པ་དང་སློབ་སྦྱོང་གི་སྤུས་ཚད་མཐོ་འདེགས་གཏོང་བའི་བྱ་ཐབས་ཡག་ཤོས་སུ་བརྩི་བཞིན་ཡོད།

  ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝང་ཧྥེ།

  སྒྲིག་སྒྱུར། བསོད་ནམས་འཚོ།