ཟླ་བ་དང་པོ་ནས་བདུན་པའི་བར་བོད་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར153ལྷག་ཙམ་གཅིག་གྱུར་འཆར་འགོད་བྱས་ནས་དབུལ་སྒྲོལ་ལ་རོགས་སྐུལ་བྱས་པ།
སྤེལ་བའི་དུས་ཚོད། : 2019-09-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པར་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ནས་ཤེས་རྟོགས་བྱུང་བར། ལྗོངས་ནོར་སྲིད་ཐིང་གིས་མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བོད་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁ་ཐོབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར་རང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་153.31གཅིག་གྱུར་འཆར་འགོད་བྱས་ཏེ་ཐོན་ལས་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི“ཞན་ཆ་གཉིས”གསབ་ཐོག་ལོ་འདིའི་ནང་མི་འབོར་དབུལ་པོ་ཁྲི་15དང་རྫོང་དབུལ་པོ་19ཚང་མ་དབུལ་ཞྭ་འབུད་པའི་ལས་འགན་ལེགས་སྒྲུབ་བྱས་ནས་སྔ་སྣུར་དུ་གཞི་རྩའི་ཆར་དབུལ་པོ་དབུལ་རྐྱང་དབུལ་སྒྲོལ་གྱི་དམིགས་ཚད་ལེགས་སྒྲུབ་བྱ་རྒྱུ་ཡིན་པ་རེད།

  རྩོམ་སྒྲིག་པ། ཀླུ་མོ་མཚོ།