བོད་ལྗོངས་ཀྱི་ཤེལ་སྒོའི་ལྗོངས་གཟིགས་སྟེགས་བུ་ཐོག་མ་དངོས་སུ་སྒོ་ཕྱེས་པ།
སྤེལ་བའི་དུས་ཚོད། : 2019-09-05 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་སྔོན་དུ་བོད་ལྗོངས་ཀྱི་ཤེལ་སྒོའི་ལྗོངས་གཟིགས་སྟེགས་བུ་ཐོག་མ་སྟེ་ཉིང་ཁྲི་གྲོང་ཁྱེར་ཡར་ཉང་རྒྱལ་ཁབ་འདམ་རའི་མཛེས་ལྗོངས་ཁུལ(སྔོན་གྱི་བོན་རི་མཛེས་ལྗོངས་ཁུལ)གྱི་ཤེལ་སྒོའི་ལྗོངས་གཟིགས་སྟེགས་བུ་དེ་དངོས་སུ་སྒོ་ཕྱེས་པ་རེད།

  ཉིང་ཁྲིའི་ཡར་ཉང་འདམ་རའི་མཛེས་ལྗོངས་ཁུལ་ནི་བོན་རི་ལྟེ་བར་བཟུང་ནས་ཉང་ཆུ་གཙང་པོ་དང་ཡར་ཀླུང་གཙང་པོ་གཉིས་མཉམ་འདྲེས་མཉམ་རྒྱུག་ཁུལ་དེ་གདུབ་ཕྱེད་དབྱིབས་ཀྱི་སྐམ་ཆུ་མཉམ་འདྲེས་ཀྱི་ཡུལ་སྐོར་ལམ་ཐིག་ཞིག་ཡིན་ཞིང་། ཉང་ཆུའི་མཛེས་ལྗོངས་ལ་ལྟ་སྐོར་དང་བོད་ཀྱི་བོན་ཆོས་རིག་གནས་ལ་གཏིང་ཟབ་ངང་རོལ་མྱོང་བྱེད་པ་ཁྱད་ཆོས་སུ་བཟུང་པའི་མཛེས་ལྗོངས་ཁུལ་ཆེན་པོ་ཞིག་ཀྱང་རེད།

  ཟླ9བའི་ཚེས1ཉིན་ཡར་ཉང་འདམ་རའི་མཛེས་ལྗོངས་ཁུལ་གྱི་ཤེལ་སྒོའི་ལྗོངས་གཟིགས་སྟེགས་བུ་དངོས་སུ་སྒོ་ཕྱེས་རྗེས། ཡུལ་སྐོར་པ་རྣམས་ཀྱིས་སྒོ་འཛིན་ཉོས་ནས་ཤེལ་སྒོའི་རྐང་ལམ་བརྒྱུད་དེ་ཤེལ་སྒོའི་ལྗོངས་གཟིགས་སྟེགས་བུ་ཐོག་འཛེགས་ཏེ་གཙང་ཆུའི་འདུས་རྒྱུན་གྱི་མཛེས་ལྗོངས་ལ་གཟིགས་ཆོག །

  རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།