གསར་དར་ཐོན་ལས་ལ་གྲུབ་འབྲས་ཆེན་པོ་འདི་འདྲ་ཐོབ་འདུག
སྤེལ་བའི་དུས་ཚོད། : 2019-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། བསྒྱུར་བཅོས་སྒོ་དབྱེ་བྱས་ཚུན། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་ཕྱིན་ནས། མིང་དོན་མཚུངས་པའི་འཛམ་གླིང་བཟོ་སྐྲུན་རྒྱལ་ཁབ་ཆེན་མོ་ཨང་དང་པོར་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་ཐོན་བཟོ་སྐྲུན་ལས་རིགས་གོང་འཕེལ་གཏོང་རྒྱུར་མཐོང་ཆེན་པོ་གནང་བ་དང་། ཁོང་གིས། རེས་འཁོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་བཅོས་སྒྱུར་གྱི་ལོ་རྒྱུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་གྱིས། བཟོ་སྐྲུན་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། སྔོན་ཐོན་བཟོ་སྐྲུན་ལས་རིགས་གོང་འཕེལ་མགྱོགས་སུ་གཏོང་དགོས་ཞེས་ནན་སྟོན་ཐེངས་མང་གནང་ཡོད། ཉེ་བའི་ལོ་ཤས་ནང་། འཛམ་གླིང་གི་བཟོ་གྲྭ་ནས་འཛམ་གླིང་རིམ་པའི་གསར་གཏོད་སྟེགས་བུའི་བར། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་ཉིན་རེ་བཞིན་བརྟན་དུ་ཕྱིན་པ་ནས་ཚན་རྩལ་གསར་པ་དང་། ཐོན་ལས་གསར་པ། ལས་རྣམ་གསར་པ་བཅས་ཟམ་མི་ཆད་པར་ཐོན་ཡོད། གསར་དར་ཐོན་ལས་ལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱེད་པ་དེ། ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གནས་བབ་ཧྲིལ་པོའི་ནང་ཟམ་མི་ཆད་པར་འདྲེས་བཞིན་ཡོད་པས། སྤུས་མཐོའི་གོང་འཕེལ་གསོན་ཤུགས་ཀྱིས་ཕྱུག་པར་གྱུར་ཡོད།

སྤྱི་ལོ2018ལོའི་ཟླ་5པའི་ཚེས28ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲེའི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲེའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐོག ཀྲུང་གོ་སྟོབས་ཆེར་འགྲོ་བ་དང་བསྐྱར་དར་ཡོང་བ་བྱ་དགོས་ན། ངེས་པར་དུ་ཚན་རིག་ལག་རྩལ་གོང་འཕེལ་ཤུགས་ཆེན་བཏང་ནས། འཛམ་གླིང་གི་ཚན་རྩལ་ལྟེ་གནས་དང་གསར་གཏོད་ཀྱི་མཐོ་ས་གཙོ་བོར་འགྱུར་བ་བྱ་དགོས་ཞེས་ནན་སྟོན་གནང་བ་དང་། ཁོང་གིས། ང་ཚོས་གྲངས་གཞི་ཅན་དང་། དྲ་སྦྲེལ་ཅན། རིག་ནུས་ཅན་བཅས་མཉམ་འདྲེས་གོང་འཕེལ་འགྲོ་བའི་གོ་སྐབས་དམ་འཛིན་བྱས་ཐོག ཆ་འཕྲིན་ཅན་དང་རིག་ནུས་ཅན་གྱིས་འགུལ་ནུས་གསར་པ་གསོ་སྤེལ་བྱེད་པ། འཐབ་ཇུས་རང་བཞིན་ལྡན་པའི་གསར་དར་ཐོན་ལས་སྡེབ་ཚོམ་ཁག་ཅིག་སྔོན་ལ་གསོ་སྤེལ་དང་གོང་འཕེལ་ཤུགས་ཆེན་གཏོང་དགོས་པ་དང་། དྲ་སྦྲེལ་དང་། གྲངས་གཞི་ཆེན་མོ། མི་ཐབས་རིག་ནུས་བཅས་དངོས་གཟུགས་དཔལ་འབྱོར་དང་མཉམ་འདྲེས་གཏིང་ཟབ་ཐུབ་པ་བྱེད་པ། བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་མ་དཔེ་དང་ཁེ་ལས་ཀྱི་རྣམ་པར་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཡོང་བ་བཅས་བྱས་ནས། རང་རྒྱལ་གྱི་ཐོན་ལས་གོ་ལ་ཧྲིལ་པོའི་རིན་ཐང་མུ་ཁྱུད་ཀྱི་ཚད་འབྲིང་མཐོར་སླེབས་པ་བྱ་དགོས་ཞེས་བསྟན་ཡོད།

ཅང་སུའུ་ཞིང་ཆེན་ནི་རང་རྒྱལ་གྱི་ཤར་རྒྱུད་དུ་གནས་པ་དང་། དེ་ནི་རང་རྒྱལ་དཔལ་འབྱོར་གོང་འཕེལ་གྱི་སྣེ་ཁྲིད་པའི་གྲས་ཡིན། སྤྱི་ལོ2018ལོར། ཅང་སུའུ་ཡི་བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ལོ་བརྒྱད་བསྟུད་མར་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཉེ་བའི་ལོ་ཤས་ནང་ཅང་སུའུ་ཞིང་ཆེན་གྱིས་འགག་རྩའི་ཁྱབ་ཁོངས་ཀྱི་ལྟེ་བའི་ལག་རྩལ་འགག་གཏོར་ཐུབ་པ་བྱས་པ་དང་། རང་བརྟེན་ཚོད་འཛིན་ཐུབ་པའི་དེང་རབས་ཐོན་ལས་མ་ལག་འཛུགས་སྐྲུན་མགྱོགས་སུ་བཏང་ནས། སྤུས་མཐོའི་གོང་འཕེལ་ལ་འདེགས་སྐྱོར་བྱེད་ཆེད་འགག་རྩའི་ནུས་པ་བཏོན་ཡོད། ཅང་སུའུ་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་སྲིད་ཇུས་ཞིབ་འཇུག་ཁང་གི་འགོ་འཛིན་གཞོན་པ་ཝང་ཧྲུའུ་ཧྭ་ཡིས། ང་ཚོས་གཞི་ཁྱོན་དང་འབོར་གྲངས་ཚད་ལས་འདས་པའི་ཐོག་ནས་བརྩོན་ལེན་བྱེད་དགོས་པའི་ངེས་པ་མེད། གལ་སྲིད་ཁྱབ་ཁོངས་ཀྱི་ཆ་ཤས་ཤིག་ནང་ང་ཚོས་ཨང་དང་པོ་ལེན་ཐུབ་ན། དེ་མཚུངས་སུ་ཐོན་ལས་མུ་ཁྱུད་དེའི་ལྷུ་ཚིགས་ཐད་ཀྱི་གཏམ་བརྗོད་དབང་ཆ་ང་ཚོར་ཐོབ་ཐུབ་ཅེས་གསུངས་འདུག

ནན་ཐུང་ཀྲེན་ཁང་ཚ་ལས་མཐུད་སྦྱོར་འཕྲུལ་གློག་ཚད་ཡོད་ཀུང་སིས། ཁེ་ལས་ཀྱི་ཁེ་སྤོགས་མང་ཆེ་བ་བཟོ་ལས་འཕྲུལ་ཆས་མིའི་ལྟེ་བའི་ལྷུ་ལག་སྟེ། ཆེད་སྤྱོད་ཞིབ་ཚགས་འགྲོས་གཅོག་འཕྲུལ་ཆས་ཞིབ་བཟོའི་ནང་བཏང་བས། འགྲོས་གཅོག་འཕྲུལ་ཆས་རང་བརྟེན་ཅན་གྱི་ཐོན་སྐྱེད་བྱེད་ཐུབ་པ་བྱུང་ཞིང་། ལྗར་པན་ཐོན་རྫས་ཀྱིས་ཁྲོམ་ར་སྒེར་སྡོམ་བྱེད་པའི་གནས་བབ་མེད་པ་བཟོས་ཡོད། མིག་སྔར་ནན་ཐུང་ཀྲེན་ཁང་གིས་རྒྱལ་ཡོངས་ཀྱི་བཟོ་སྐྲུན་ཁེ་ལས་ཉིས་བརྒྱ་ལྷག་ཙམ་ལ་རྒྱལ་ཐོན་ཡིན་པའི་བཟོ་ལས་འཕྲུལ་ཆས་མི་མཁོ་འདོན་བྱས་ཡོད། ནན་ཐུང་ཀྲེན་ཁང་ཚ་ལས་སྦྲེལ་མཐུད་འཕྲུལ་གློག་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་གཞོན་པ་ཀུའུ་ཅིང་ཅུན་གྱིས། འགག་རྩའི་ཅ་ལག་དག་ནི་ཉོ་ཐབས་དང་སློང་ཐབས་མེད་པས། རང་ཉིད་ཀྱིས་མ་དངུལ་བཏང་ནས་ཞིབ་བཟོ་བྱ་དགོས། དུས་ཐུང་ནང་ཁེ་ལས་ལ་གནོན་ཤུགས་ཆེན་པོ་འཕྲད་སྲིད་ཀྱང་ཕུགས་ལ་བསམ་ན་ཕན་པ་ཡོད་པ་ཞིག་རེད་ཅེས་གསུངས་འདུག

ད་ལོའི་ཟླ་བ་དྲུག་པར། རང་རྒྱལ་གྱིས་འཛམ་གླིང་རྒྱལ་ཁབ་གཞན་གྱི་སྔོན་ལ་ཁག་དང་པོའི་5Gཚོང་སྤྱོད་ཨང་རྟགས་བཀྲམ་པ་དང་། དུས་ཐུང་ཟླ་བ་གཅིག་ནང་རྒྱལ་ཡོངས་ཀྱི་བརྒྱུད་རིམ་ཧྲིལ་པོ་5Gརིག་ནུས་ཡིན་པའི་བཟོ་སྐྲུན་ཐོན་སྐྱེད་བརྒྱུད་རིམ་ཐོག་མ་དེ་ཧུའུ་པེ་ཝུ་ཧན་ཧུང་ཤིན་འཕྲིན་གཏོང་ལག་རྩལ་ཚད་ཡོད་འགན་འཁྲི་ཀུང་སིར་བཙུགས་པ་རེད། ཚོང་མགྲོན་གྱིས་རྒྱང་འཛིན་མངགས་ཐོ་བཀོད་རྗེས། 5Gདྲ་བ་བརྒྱུད་ནས་བཙུགས་པའི་སྤྲིན་རྩིས་སྟེགས་བུས་བརྒྱུད་གཏོང་བྱས་རྗེས། ཐོན་སྐྱེད་དང་། ཞིབ་དཔྱད། རྩིས་སྤྲོད་བཅས་ཀྱི་བརྒྱུད་རིམ་ཚང་མ་ལེགས་སྒྲུབ་ཐུབ་ཀྱི་ཡོད། ཀྲུང་གོ་ཤིན་ཁོ་ཧུང་ཤིན་འཕྲིན་གཏོང་5Gརིག་ནུས་བཟོ་གྲྭའི་རྣམ་གྲངས་ཀྱི་འགན་འཁུར་བ་ཤེ་ཀོང་ཝི་ཡིས། ང་ཚོའི་ཐོན་སྐྱེད་དུས་འཁོར་ནས་བཤད་ན། སྔར་ཉིན་བཅོ་ལྔ་གཡས་གཡོན་འགོར་གྱི་ཡོད། ད་ཆ་དུས་ཚོད་བརྒྱ་ཆ་50ཙམ་ཐུང་དུ་ཕྱིན་ཡོད། ད་ཆ་ཉིན་བརྒྱད་ནང་རྩིས་སྤྲོད་ཐུབ་ཀྱི་ཡོད། ལས་རིམ་རྐྱང་པ་ཞིག་ལ་སྔར་མི་སུམ་ཅུའི་གཡས་གཡོན་དགོས་ཀྱི་ཡོད། ཡིན་ནའང་ད་ལྟ་མི་གཅིག་གིས་ཚོད་འཛིན་བྱས་ན་འགྲིག་གི་ཡོད་ཅེས་གསུངས་འདུག

བཟོ་ལས་ཐོན་སྐྱེད་ཀྱི་གྲངས་གཞི་ལས་གསལ་བར། མིག་སྔར་རང་རྒྱལ་དུ་གྲངས་གཞི་ཅན་གྱི་འཁོར་ཁང་དང་རིག་ནུས་བཟོ་གྲྭ་ཉིས་བརྒྱ་ལྷག་ཙམ་བཙུགས་ཟིན་པ་དང་། བཟོ་ལས་འཕྲུལ་ཆས་མི་ཆིག་འབུམ་བཞི་ཁྲི་ལས་བརྒལ་ཡོད་པ་རེད། བཟོ་ལས་ཁེ་ལས་ཀྱི་གྲངས་གཞི་ཅན་གྱི་ཞིབ་འཇུག་གསར་སྤེལ་ཇུས་འགོད་ལག་ཆ་ཁྱབ་ཚད་བརྒྱ་ཆ་68ལ་འཕར་ཡོད་པ་དང་། སྔོན་དཔག་བྱས་ན་ད་ལོ་ཀྲུང་གོའི་རིག་ནུས་བཟོ་སྐྲུན་ལས་རིགས་ཀྱི་ཁྲོམ་རའི་གཞི་ཁྱོན་སྒོར་དུང་ཕྱུར་ཆིག་ཁྲི་དགུ་སྟོང་ཟིན་རྒྱུ་རེད། བཟོ་འཕྲིན་པུའུ་ཡི་པུའུ་ཀྲང་གཞོན་པ་ཤིན་གོ་པིང་གིས། ལོ་སྟོད་དུ་ལག་རྩལ་མཐོ་པོའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་བརྒྱ་ཆ་9འཕར་བ་དང་། འཐབ་ཇུས་རང་བཞིན་གྱི་གསར་དར་བཟོ་སྐྲུན་ལས་རིགས་ཀྱི་འཕར་སྣོན་རིན་ཐང་བརྒྱ་ཆ7.7འཕར་ཡོད་ཅིང་། ཁག་སོ་སོ་བཟོ་ལས་ཧྲིལ་པོ་དང་བསྡུར་ན་བརྒྱ་ཆའི་གནས་2.6དང་། 1.3འཕར་ཡོད། ནུས་གསར་རླངས་འཁོར་དང་། གྲོང་ཁྱེར་གྱི་འཁོར་ལམ་རླངས་འཁོར། ཞབས་ཞུའི་འཕྲུལ་ཆས་མི། 3Dཔར་འདེབས་འཕྲུལ་ཆས། རྩེར་སོན་སྨན་བཅོས་སྒྲིག་ཆས། སྐྱེ་དངོས་སྨན་བཟོ་སོགས་ཚང་མ་འཕར་སྣོན་མྱུར་ཚད་ཅུང་མཐོ་པོར་སླེབས་ཡོད་ཅེས་གསུངས་འདུག

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ཐོན་ལས་དཔལ་འབྱོར་དང་ལག་རྩལ་དཔལ་འབྱོར་ཞིབ་འཇུག་ཁང་གི་འགོ་འཛིན་ཧོང་ཧན་ཆོན་གྱིས། གསར་གཏོད་ཀྱིས་འགུལ་ཤུགས་བྱེད་པ་དེ་ཀྲུང་གོའི་དཔལ་འབྱོར་གྱི་རང་རྟོག་གི་རེ་སྙེག་གསར་པར་གྱུར་ཟིན་ཡོད་ཅེས་གསུངས་འདུག

ཁོང་གིས། ལོ་འདི་དག་རིང་ཚན་རྩལ་གསར་གཏོད་དེ་དཔལ་འབྱོར་གོང་འཕེལ་གྱི་འགུལ་ཤུགས་ཨང་དང་པོར་གྱུར་བ་དེ་མི་སེམས་ལ་ཟུག་ཟིན་ཡོད་ལ། ཁེ་ལས་བརྗེ་བསྒྱུར་རིམ་སྤོར་དང་། སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་གི་རང་རྟོག་བྱ་སྤྱོད་ལ་གྱུར་ཟིན་ཡོད་། སྤྱི་ཚོགས་ལས་རིགས་ཁག་ཚང་མས་གསར་གཏོད་ཀྱིས་གོང་འཕེལ་གྱི་འགུལ་ཤུགས་བྱེད་པའི་འཐབ་ཇུས་དོན་འཁྱོལ་ཧུར་ཐག་བྱེད་བཞིན་ཡོད། རྒྱབ་ལྗོངས་ཆེན་མོ་དེའི་འོག ཞིབ་འཇུག་གསར་སྤེལ་གྱི་ཐད་གྲངས་གནས་གཉིས་ཀྱི་འཕར་སྣོན་རྒྱུན་འཁྱོངས་ཐུབ་པ་དང་། གཏོང་སྒོ་ཆེན་མོ་དེ་ལྟ་བུའི་འོག ང་ཚོར་གསར་གཏོད་ཀྱི་གྲུབ་འབྲས་ཁག་ཅིག་ཐོན་ཡོད་པ། གསར་གཏོད་གྲུབ་འབྲས་ཀྱི་སྐུལ་འདེད་འོག ང་ཚོའི་བཟོ་སྐྲུན་ལས་རིགས་བརྗེ་བསྒྱུར་རིམ་སྤོར་ལ་འདེགས་སྐྱོར་ཡོད་པར་གྱུར་ཡོད་ཅེས་གསུངས་འདུག

མིག་སྔར་རང་རྒྱལ་གྱིས་སྤུས་མཐོའི་གོང་འཕེལ་ལ་ཤུགས་སྣོན་རྒྱག་བཞིན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་པ་བཞིན། གསར་གཏོད་ནི་འགུལ་ཤུགས་ཨང་དང་པོ་ཡིན་པར་ངོས་འཛིན་གང་ལེགས་ཐུབ་པ་བྱས་ཐོག སྤུས་ཚད་མཐོ་བའི་ཚན་རྩལ་མཁོ་སྤྲོད་བྱས་ནས། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་ལ་འདེགས་སྐྱོར་བྱ་དགོས། ད་ལོའི་ལོ་སྟོད་དུ་རྒྱལ་ནང་དུ་ལག་རྩལ་གྱི་ཆུ་ཚད་མཐོ་བ་དང་ཟུར་སྣོན་རིན་ཐང་མཐོ་བའི་བཟོ་ལས་ཐོན་རྫས་གསར་པའི་ཐོན་འབོར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་སྣོན་བྱུང་བ་དང་། རྒྱུན་མཐུད་དང་ཤུགས་ཚད་ཆེ་བའི་ཞིབ་འཇུག་གསར་སྤེལ་དེ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། ནུས་རྒྱུ་གསར་པ། རྒྱ་མཚོའི་སྐྱེ་དངོས། གྲངས་གཞིའི་དཔལ་འབྱོར་སོགས་ཁྱབ་ཁོངས་སུ་ཟམ་མི་ཆད་པར་ལག་བསྟར་བྱས་ཡོད་པ་དང་། ལོ་སྨད་དུ་གསར་དར་ཐོན་ལས་ནི་སྔར་བཞིན་དཔལ་འབྱོར་བརྟན་པོའི་ཁྲོད་ཡར་རྒྱས་ཡོང་བ་བྱེད་པའི་འགུལ་ཤུགས་ཆེན་པོར་འགྱུར་རྒྱུ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།