ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་སེམས་སུ་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བཞིན་པ་སྟེ། ཧྲང་ཧའེ་ཡིས་གནད་དོན་ལ་གཅིག་བསྡུས་བྱས་ཏེ་ལེགས་སྒྲིག་གནད་ལ་འཕིགས་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ།
སྤེལ་བའི་དུས་ཚོད། : 2019-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཧྲང་ཧའེ་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། དོན་དངོས་གནད་དོན་ཐག་གཅོད་བྱེད་པའི་ཕན་འབྲས་དེ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་སེམས་སུ་བརྟན་པོར་ངེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚད་འཛིན་སར་བྱེད་པ། གནད་དོན་ལ་གདོང་གཏད་པའི་རང་རྟོགས་དང་གྲི་ཁ་ནང་ཕྱོགས་ཀྱི་བློ་སྟོབས་ཐོག་ནས་ལེགས་སྒྲིག་བྱ་རྒྱུ་གནད་ལ་འཕིགས་པ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ལེགས་སྒྲིག་བྱས་པའི་ཕན་འབྲས་ཀྱིས་དམངས་སེམས་འགུག་ཐུབ་པ་བྱེད་བཞིན་ཡོད་པ་རེད།

བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཚུན། ཧྲང་ཧའེ་གྲོང་ཨུད་ཀྱི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་མཉམ་སྡེབ་ཐོག་ཀྲུང་གུང་ཚོགས་ཆེན་དང་པོ་འཚོགས་ཡུལ་དང་། ལུང་ཧྭ་སྔོན་གཤེགས་དཔའ་བོའི་བང་སོའི་སྤྱི་གླིང་དུ་མཇལ་ཁ་ཞུས་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོའི་ཆེད་དོན་སློབ་སྦྱོང་སྒྲིག་འཛུགས་བྱས་ཡོད་པ་རེད། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་གིས། ཧྲང་ཧའེ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ས་ཡིན་ལ། རང་རེའི་ཏང་གི་ཐོག་མའི་བསམ་འདུན་འབྱུང་ས་ཡིན་ཞེས་ཀྱང་བཤད་ཆོག ང་ཚོས་ཐེངས་འདིའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད། ཚོགས་ཆེན་དང་པོ་འཚོགས་ཡུལ་ཚུད་པའི་ཧྲང་ཧའེ་ཡི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་ཡག་པོ་གཏོང་རྒྱུར་མཐོང་ཆེན་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལོ་རྒྱུས་ཀྱི་ཐོག་མའི་འགོ་འཛུགས་སར་ལོག་ནས་ཐོག་མའི་བསམ་འདུན་བསྐྱར་དྲན་བྱ་རྒྱུར་ཁྲིད་སྟོན་བྱེད་པ་དང་། དུས་རབས་གསར་པའི་འགོ་འཛུགས་ས་ནས་ཐོག་མའི་བསམ་འདུན་ལ་ཞིབ་ལྟ་བྱས་ཏེ། འབད་བརྩོན་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོད་པ་དང་ལག་ལེན་དངོས་ལ་མཛུབ་ཁྲིད་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

བརྗོད་དོན་གཙོ་བོའི་སློབ་གསོའི་ཁྲོད། ཧྲང་ཧའེ་གྲོང་ཁྱེར་གྱིས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུག་དང་སེམས་ཁྲལ་ཆེ་ཤོས་རེ་འགུག་ཆེ་ཤོས་བཅས་ཡིན་པའི་དམངས་འཚོའི་དཀའ་གནད་ལ་དམིགས་ནས། དུས་ཐོག་ཏུ་གྲོང་ཁུལ་གྱི་གྲོང་མིས་སེམས་ཁྲལ་ཆེན་པོ་བྱེད་སའི་བྱ་དོན་དང་རྙོག་དྲ་ཆེ་བའི་བྱ་དོན་ཤེས་རྟོགས་བྱས་ནས་བྱ་དོན་རེ་རེ་བཞིན་ཐག་གཅོད་བྱས་ཡོད། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་གིས་རུ་ཁག་གི་སྣེ་ཁྲིད་ནས། གྲོང་ཁུལ་རྙིང་པ་བསྒྱུར་བཀོད་བྱེད་སར་ཐེངས་མང་ཟབ་སྐྱོད་གནང་ནས། མང་ཚོགས་ཀྱི་བསམ་འཆར་གསན་ཡོད་པ་རེད།

ལོ་ངོ་20ཙམ་གྱི་གྲོང་ཁུལ་རྙིང་པ་བསྒྱུར་བཀོད་ལས་དོན་སྤེལ་བ་བརྒྱུད། ཧྲང་ཧའེ་གྲོང་ཁྱེར་གྱི་རྣམ་པར་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་ཕྱིན་ཡོད། འོན་ཀྱང་སྤྱི་ལོ་2018ལོའི་ལོ་མཇུག་བར་སླེབས་དུས། གྲོང་ཁྱེར་ཡོངས་ཀྱི་ཁང་པ་རྙིང་པ་དང་སྒྲིག་ཆས་ཐབས་ཆག་ཡིན་པའི་རིམ་པ་གཉིས་པའི་རྙིང་པ་མན་ཆད་ཀྱི་ཁང་པ་ད་དུང་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ས་ཡ་གཉིས་དང་དྲུག་འབུམ་སུམ་ཁྲི་ཡོད་པ་དང་། དེ་དག་ཚང་མ་ནི་ཐག་གཅོད་བྱེད་དཀའ་བ་ཤ་སྟག་ཡིན། ཧྲང་ཧའེ་གྲོང་ཁྱེར་ཧོང་ཕུ་ཁུལ་གྱི་འཛུགས་སྐྲུན་དང་དོ་དམ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཀྲུའུ་ཧྥོ་ཧའེ་ཡིས། དེ་སྔོན་ཁང་པ་བསྒྱུར་བཀོད་ཅེས་བཤད་ན་བཤིག་དགོས་པ་ལས་འཇོག་དགོས་པའི་བསམ་བློ་ཡོང་གི་མེད། ད་ལྟ་བསྒྱུར་བཀོད་དངོས་སུ་བྱེད་སྐབས་ཐག་གཅོད་བྱེད་དཀའ་བའི་གནད་དོན་འཕྲད་དུས། ང་ཚོ་ཁང་པ་རྙིང་པ་བསྒྱུར་བཀོད་བྱེད་མཁན་ངོས་ནས་བརྗོད་ན་ཚོད་བགམ་ཞིག་རེད་ཅེས་གསུངས་ཡོད།

དཀའ་ངལ་ཡོད་པ་ཤེས་བཞིན་དུ་མདུན་སྐྱོད་བྱེད་པ་དང་། ལམ་སེང་ཞིབ་བཤེར་དང་ལམ་སེང་ལེགས་སྒྲིག་བྱེད་པ་སྟེ། འདི་ལོ། ཧྲང་ཧའེ་གྲོང་ཁྱེར་གྱིས་རིམ་པ་གཉིས་པའི་རྙིང་པ་མན་ཆད་ཀྱི་ཁང་པ་སྤྱི་ཁྲེ་ངོས་སྙོམས་གྲུ་བཞི་མ་ལྔ་འབུམ་བསྒྱུར་བཀོད་བྱ་རྒྱུའི་འཆར་གཞི་ཡོད་པ་དང་། གྲོང་མི་ཐེམ་དུད་ཉིས་ཁྲི་ལྔ་སྟོང་ལ་ཕན་པ་ཐོབ་རྒྱུ་ཡིན་པ་རེད། མིག་སྔར་ལོ་ཕྱེད་ཀའི་དུས་ཚོད་ལས་ཕྱིན་མེད་ཀྱང་། ཧོང་ཕུ་ཁུལ་དུ་ལོ་ཧྲིལ་པོའི་ཁང་པ་རྙིང་པ་བསྒྱུར་བཀོད་ལས་འགན་ལེགས་གྲུབ་ཟིན་ཡོད་པ་དང་། གྲོང་ཁྱེར་ཡོངས་ཀྱིས་བརྒྱ་90ལེགས་གྲུབ་ཟིན་ཡོད། ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་གིས། སློབ་སྦྱོང་སློབ་གསོ་དང་། བརྟག་དཔྱད་ཞིབ་འཇུག་བྱེད་པའམ། ཡང་ན་གནད་དོན་ལ་ཞིབ་ལྟ་དང་ལེགས་སྒྲིག་དོན་འཁྱོལ་བྱེད་པ་གང་ཞིག་ཡིན་ཀྱང་། ཚང་མ་དོན་མེད་སྟོང་བཤད་མིན་པ་བྱ་རྒྱུར་མཐོང་ཆེན་བྱེད་དགོས། ང་ཚོས་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུ་དང་སྤྱི་ཁྱབ་ཧྲུའུ་ཅིས་ཧྲང་ཧའེ་ལ་རྟོག་ཞིབ་གནང་སྐབས་གསུངས་པའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱ་རྒྱུ་གཉིས་ཟུང་འབྲེལ་བྱས་ཏེ། ཐོག་མའི་བསམ་འདུན་དང་འགན་འཁྲི་དེ་ཡར་རྒྱས་བརྩོན་ལེན་དང་དམ་པ་དོན་གཉེར་གྱི་རང་རྟོགས་བྱ་སྤྱོད་ལ་འགྱུར་བ་བྱེད་པ་དང་། བརྗོད་དོན་གཙོ་བོའི་སློབ་གསོས་དངོས་སུ་གནད་དོན་ཐག་གཅོད་དང་། ལས་ཀར་སྐུལ་འདེད། གོང་འཕེལ་ལ་སྐུལ་འདེད་བཅས་ཐུབ་པ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

མིག་སྔར། ཧྲང་ཧའེ་གྲོང་ཁྱེར་གྱིས་དྲ་གཅིག་ཀུན་སྒྲུབ་ཀྱི་བསྒྱུར་བཅོས་ལ་དམ་འཛིན་བྱས་ཏེ། ཚད་གཞི་མཐོ་ཤོས་དང་། ཆུ་ཚད་མཐོ་ཤོས་ལ་དམིགས་ནས། རྒྱལ་སྤྱིའི་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་བཞིན་ཡོད། འོན་ཀྱང་ཞབས་ཞུ་མྱོང་རོལ་ཐུབ་ཚད་དང་། སྟབས་བདེ་ཚད། ཁེབས་རྒྱ་སོགས་སྔར་བས་ཆེ་རུ་གཏོང་བར་ད་དུང་གཙོ་གནད་ཐོག་དོ་ཁུར་བྱེད་དགོས། ཧྲང་ཧའེ་གྲོང་ཁྱེར་གྲངས་གཞི་ཆེན་མོའི་ལྟེ་གནས་ཀྱི་བཀོལ་སྤྱོད་གསར་སྤེལ་པུའི་པུའུ་ཀྲང་པེ་ཡུས་ཡུན་གྱིས། ད་དུང་ཧེ་བག་ཡོད་པའི་མྱོང་ཚོར་ཡོང་གི་འདུག ང་ཚོས་དུས་ཚོད་ཐུང་དུ་གཏོང་བ་དང་། ལྷུ་ཚིགས་ཉུང་དུ་གཏོང་བ། རྒྱུ་ཆ་ཉུང་དུ་གཏོང་བ། ལས་དོན་སྒྲུབ་པར་ཡོང་ཐེངས་ཉུང་དུ་གཏོང་བ་སོགས་ལ་སྔར་བས་ཤུགས་སྣོན་རྒྱབ་ནས། ཁེ་ལས་ཀྱིས་དྲ་ཐོག་ནས་ལས་དོན་གཉེར་རྒྱུ་དེ་དྲ་ཐོག་ཉོ་སྒྲུབ་དང་འདྲ་བར་སྟབས་བདེ་པོ་ཡོང་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།

མིག་སྔའི་བར། ཧྲང་ཧའེ་གྲོང་ཁྱེར་གྱི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པས་ཁྱོན་ལེགས་སྒྲིག་གནད་དོན་གྱི་གསལ་ཐོ་2162གསེད་དཀྲོལ་བྱས་ཡོད་པ་དང་། གནད་དོན་1306ལམ་སེང་ལེགས་སྒྲིག་བྱས་ཟིན་པ་མ་ཟད་ལེགས་སྒྲིག་དུས་ཚོད་ལྡོག་སྒྲིག་བྱས་ཡོད་པ་དང་། བྱ་དོན་རེ་རེ་བཞིན་ལེགས་སྒྲིག་དམིགས་སར་འབྱོར་ཐུབ་པ་བྱ་རྒྱུ་ཡིན་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།