རྣམ་འགྱུར་མཁྲེགས་པོའི་སྒོ་ནས་ཡོ་རོབ་མནའ་འབྲེལ་ལས་དོན་རྒྱུར་དམིགས་ནས་དབྱིན་ཇི་སྲིད་གཞུང་གིས་ཐོན་ལས་རོགས་སྐྱོབ་བྱ་ཐབས་རབ་དང་རིམ་པ་འདོན་བཟོ་ཡོད་པ།
སྤེལ་བའི་དུས་ཚོད། : 2019-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ནས་གནས་ཚུལ་སྤེལ་གསལ། ལས་གནས་ལས་ཕྱིར་འཐེན་བྱེད་ལ་ཉེ་བའི་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རུང་ཁེས་སྤྱི་ཚེས་༡༠ཉིན་སྨྱར་སྦྱོར་ལས་རིགས་ལ། དབྱིན་ཇི་གྲོས་ཆོད་མ་བཞག་པར་ཡོ་རོབ་མནའ་འབྲེལ་ལས་དོན་ན། ཕམ་ཁ་ཆེ་ཤོས་ཕོག་མཁན་དེ་དབྱིན་ཇི་རང་ཉིད་ཡིན་པ་སྨོས་མེད་རེད་ཅེས་བཤད་ཡོད། རྣམ་འགྱུར་མཁྲེགས་པོའི་སྒོ་ནས་ཡོ་རོབ་མནའ་འབྲེལ་ནས་དོན་པ་ལས་བཟོས་པའི་དཔལ་འབྱོར་རྡུང་རྡེག་ཕོག་རྒྱུར་དམིགས་ཏེ། དབྱིན་ཇི་སྲིད་གཞུང་གིས་ཐོན་ལས་རོགས་སྐྱོབ་བྱ་ཐབས་རབ་དང་རིམ་པ་འདོན་བཟོ་ཡོད་པའི་གནས་ཚུལ་སྤེལ་ཡོད།

དབྱིན་ཇིས་གསར་དུ་བསྐོ་བཞག་བྱས་པའི་དབུ་བཞུགས་བློན་ཆེན་ཡོས་ཧན་ཤུན་གྱི་སྣེ་ཁྲིད་འོག་གང་འདྲ་བྱས་ནས་ཡོ་རོབ་མནའ་འབྲེལ་ལས་དོན་མིན་དང་། དབྱིན་ཇིའི་དཔལ་འབྱོར་ལ་ཤུགས་རྐྱེན་ངན་པ་གང་ཞིག་ཐེབས་མིན་བཅས་ཚང་མ་ཁྲོམ་རའི་མི་སྣས་དོ་ཁུར་བྱེད་པའི་གཙོ་གནད་གནད་དོན་ཤ་སྟག་ཡིན་པ་རེད། དབྱིན་ཇིའི་ལུན་ཏུན་སྐབས་བསྟུན་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཡོས་ཧན་ཤུན་གྱིས་ཁྲོམ་ར་སྐྱོབ་པའི་ཐེབས་རྩ་བཙུགས་ནས། དབྱིན་ཇིས་རྣམ་འགྱུར་མཁྲེགས་པོའི་སྒོ་ནས་ཡོ་རོབ་མནའ་འབྲེལ་ལས་དོན་རྗེས་ཚོང་ལས་ལས་རིགས་ལ་ཕོག་རྒྱུའི་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་ཡིན་པ་བསྟན་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།