ལྗར་པན་གྱིས་ལྷོ་ཁོ་རེ་ཡའི་མནའ་གྲོགས་གནས་བབ་གཅོག་བཟོ་ཡོད་པ།
སྤེལ་བའི་དུས་ཚོད། : 2019-08-12 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་གོ་གསར་འགྱུར་དྲ་བའི་ཐོག་སྤེལ་བའི་གནས་ཚུལ། ལྗར་པན་འགོག་སྲུང་པུའི་གསར་འགྱུར་མི་སྣས་བསྟན་པར་གཞིགས་ན། སྤྱི་ལོ༢༠༡༩ལོའི་དཔར་མའི་འགོག་སྲུང་རྒྱབ་ཤ་དཀར་པོའི་དེབ་ནང་། ལྗར་པན་གྱིས་ལྷོ་ཁོ་རེ་ཡ་དེ་ཉིད་རྒྱལ་སྲུང་མནའ་གྲོགས་ཁྲོད་ཀྱི་བང་རིམ་ཨང་གཉིས་པ་ནས་ཨང་བཞི་པའི་བར་གཅོག་རྒྱུའི་འཆར་གཞི་ཡོད་པ་རེད། ན་ནིང་གི་རྒྱབ་ཤ་དཀར་པོའི་དེབ་ནང་། ལྷོ་ཁོ་རེ་ཡས་ཆོག་མཆན་ཐོབ་པའི་མནའ་གྲོགས་རྒྱལ་ཁབ་ཅེས་པའི་བང་གྲལ་ཨང་གཉིས་པར་གནས་ནས་ཨའོ་སི་ཁྲུ་ལི་ཡའི་རྗེས་སུ་སླེབས་ཡོད། འོན་ཀྱང་། ལྗར་པན་ཐུན་མོང་གསར་འགྱུར་ཁང་གིས་སྤྱི་ཚེས་༡༠ཉིན་གནས་ཚུལ་སྤེལ་བ་ལྟར་ན། ད་ལོའི་རྒྱབ་ཤ་དཀར་པོའི་དེབ་ནང་། ལྷོ་ཁོ་རེ་ཡ་དེ་ཉིད་ཨོ་སི་ཁྲུ་ལི་ཡ་དང་། རྒྱ་གར། ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་བཅས་རྗེས་ཀྱི་ཨང་བཞི་པར་གནས་ཡོད་པ་དང་། གསར་འགྱུར་མི་སྣས་འགྲེལ་བཤད་བརྒྱབ་པར་གཞིགས་ན། དེ་ནི་དོན་དངོས་ཐོག་ལྷོ་ཁོ་རེ་ཡའི་གལ་ཆེའི་རང་བཞིན་དམའ་རུ་བཏང་བ་ཞིག་རེད་ཅེས་བཤད་ཡོད།

དབྱེ་ཞིབ་བྱས་པ་ལས་བསྟན་པར། ཉེ་བའི་དུས་ཚོད་ནང་། ལྗར་པན་དང་ལྷོ་ཁོ་རེ་ཡ་ཕྱོགས་གཉིས་པོར་ཁྱབ་ཁོངས་མང་པོའི་ཐད་གནད་དོན་ཟམ་མི་ཆད་པར་ཐོན་པ་དང་། ཕྱོགས་གཉིས་འབྲེལ་བ་རྒྱུན་མཐུད་ཇེ་ཞན་དུ་གྱུར་ནས། དུས་རབས་ཕྱེད་ཀ་ལྷག་རིང་གི་འབྲེལ་བ་ཞན་ཤོས་སུ་སླེབས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།