ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ནང་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་ནང་ཁྲུང་ཆིང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལས་དོན་དོན་འཁྱོལ་ཆེན་པོ་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་སེམས་ནང་བརྟན་པོར་ངེས་ཞེས་པའི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཚུན་དུ་ཁྲུང་ཆིང་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་རྒྱུ་དེ་མདོན་བསལ་དོད་ཤོས་ཀྱི་ནང་དོན་གཙོ་བོར་བཞག་ནས་རིགས་པའི་གཞུང་ལུགས་སློབ་སྦྱོང་དང་ལས་དོན་དོན་འཁྱོལ་ཆེན་པོ་བྱེད་པ་དང་བརྗོད་དོན་གཙོ་བོའི་སློབ་གསོ་དེ་ཟམ་མི་ཆད་པར་གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་བཏང་ཡོད་པ་རེད

ཚད་གཞི་མཐོ་པོ་དང་སྤུས་ཚད་མཐོ་པོའི་སྒོ་ནས་བརྗོད་དོན་གཙོ་བོའི་སློབ་གསོ་ཡག་པོ་སྤེལ་རྒྱུ་འགན་ལེན་བྱེད་ཆེད་རིག་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་ཁྲོད་དུ་ཁྲུང་ཆིང་གིས་མ་རྩོམ་སློབ་སྦྱོང་དང་མ་ཡིག་སློབ་སྦྱོང་། གནས་ལུགས་རྟོགས་པ་བཅས་བྱེད་རྒྱུ་དམིགས་སུ་བཀར་ནས་ནན་སྟོན་བྱས་པ་མ་ཟད་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་ཉེན་བརྡ་གཏོང་བའི་སློབ་གསོ་གཏིང་ཟབ་སྤེལ་ཡོད་པ་རེད།

བརྗོད་དོན་གཙོ་བོའི་སློབ་གསོའི་ནང་། ཁྲུང་ཆིང་གྲོང་ཁྱེར་གྱིས་སློབ་སྦྱོང་དང་སློབ་གསོ། རྟག་དཔྱད་ཞིབ་འཇུག གནད་དོན་ལ་ལྟ་ཞིབ་བྱེད་པ། བཅོས་སྒྲིག་དོན་འཁྱོལ་བྱེད་རྒྱུ་བཅས་བརྒྱུད་རིམ་ཧྲིལ་པོའི་ཁྱབ་པ་བྱས་ཡོད། ཡུན་རིང་མ་སོང་གོང་། ཁྲུང་ཆིང་གྲོང་ཁྱེར་གྱི་འགོ་ཁྲིད་པས་སྤྱི་ཁྱབ་ཧྲུའུ་ཅིས་རྟོག་ཞིབ་གནང་བར་ཕེབས་མྱོང་བའི་ལམ་བུ་བརྒྱུད་ཧྲེ་ཀྲུ་ཐུ་ཅ་རིགས་རང་སྐྱོང་རྫོང་དུ་སྐྱོད་ནས་ཐོན་ལས་དབུལ་སྐྱོར་དང་སློབ་གྲྭ་འཛུགས་སྐྱོང་། གྲོང་གསེབ་ཀྱི་གློག་རྡུལ་སོགས་ནང་དོན་ཐད་རྟག་དཔྱད་ཞིབ་འཇུག་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུ་སྐོང་འཚོགས་བྱས་ནས་སྲིད་ཇུས་དང་བྱ་ཐབས་སྔར་བས་འཐུས་སྒོ་ཚང་དུ་བཏང་ཡོད་པ་རེད། ཁྲུང་ཆིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་མིང་ཨར་གྱིས། ང་ཚོར་རྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་པའི་མྱོར་འཚོར་བྱུང་།

བརྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པར་བསམ་ཤེས་བྱེད་རྒྱུ་གཏིང་ཟབ་ཏུ་ཕྱིན་པ་དང་སྤྱི་ཁྱབ་ཧྲུའུ་ཅིས་ཁྲུང་ཆིང་ལ་བཏོན་གནང་བའི་མཛུབ་སྟོན་བླང་བྱ་རབ་དང་རིམ་པ་དེ་དག་ལ་བསམ་ཤེས་བྱེད་རྒྱུ་གཏིང་ཟབ་ཏུ་ཕྱིན་པ་དང་ངོ་འཕྲད་དང་བར་ཐག་ཉེ་བའི་ཐོག་ནས་གནད་དོན་ཤེས་རྟོགས་ཐུབ་པ་དང་གནད་དོན་ངོ་མ་ཚོར་ཐུབ་ཀྱི་འདུག དེ་ལྟར་བྱས་པས་ང་ཚོའི་གནད་དོན་བཅོས་སྒྲིག་བྱེད་རྒྱུར་སྔར་བས་དམིགས་ས་ཡོད་པ་ཆགས་ཀྱི་འདུག་ལ་གཞན་ཡང་རྟག་དཔྱད་ཞིབ་འཇུག་བྱས་པ་བརྒྱུད་ང་ཚོས་གཞི་རིམ་གྱི་གསར་གཏོད་དང་མང་ཚོགས་ཀྱི་བློ་རིག་ཕྱོགས་སྡོམ་དང་གསལ་ཤེས་ཐུབ་པ་དང་ང་ཚོའི་ལས་དོན་བྱེད་སྟངས་དང་ལས་དོན་ཉམས་མྱོང་། གཞི་རིམ་དང་སྔར་བས་མཐུན་པ་མ་ཟད་མཐར་མང་ཚོགས་དང་མི་སེར་ལའང་ཐོབ་འཚོར་ཡོང་གི་འདུག་ཅེས་གསུངས་འདུག

ཁྲུང་ཆིང་ཁྲལ་སྲུང་གྲུ་ཁ་ཁུལ་དུ། གྲུ་ཁ་ཁུལ་གྱི་ཏང་ཨུད་ཚན་པས་ཉེ་ལམ་ཟླ་བ་གཉིས་ནང་ལས་སྣོན་ཉོ་ཚོང་མངག་ཐོ་མང་དུ་ཕྱིན་པ་དང་ཁུལ་ནང་ཁུལ་གྱི་ཁེ་ལས་བཟོ་པའི་གྲངས་འབོར་ལོ་འགོའི་༢༦༠༠༠ནས་མིག་སྔར་༤༦༠༠༠བར་མང་དུ་ཕྱིན་རུང་གྲུ་ཁ་ཁུལ་ནང་གི་འཚོ་བོའི་ཆ་སྦྱོར་སྒྲིག་ཆས་འདང་གི་མེད་པ་ཤེས་རྟོགས་ཐུབ་ཡོད་པ་རེད། ཁྲུང་ཆིང་ཁྲལ་སྲུང་གྲུ་ཁ་ཁུལ་གྱི་གནས་སྡོད་ཁེ་ལས་ཀྱི་ལས་མིའི་འཐུས་མི་ཝང་རུང་གིས། ང་ཚོའི་གཞི་རིམ་ལས་མིའི་ཕྲུ་གུ་རྣམས་ང་ཚོའི་ཁེ་ལས་དེ་གར་གནས་སྡོད་བྱས་ནས་དུས་ཚོད་རིང་པོ་ཕྱིན་པ་དང་བསྟུན་ནས་ཉེ་འགྲམ་དུ་སློབ་གྲྭ་རྒྱག་དགོས་པའི་དགོས་མཁོ་ཡང་སྔར་བས་ཆེ་རུ་འགྲོ་གི་འདུག་ཅེས་བཤད་ཡོད།

བརྟག་དཔྱད་ཞིབ་འཇུག་དང་བཞུགས་མོལ་བྱས་པ་བརྒྱུད། ཁྲུང་ཆིང་ཁྲལ་སྲུང་གྲུ་ཁ་ཁུལ་གྱིས་གནད་དོན་ཁག་༢༡ཕྱོགས་སྡོམ་བྱས་ཡོད་ཅིང་འགོ་ཁྲིད་ཚན་པའི་ཁོངས་མི་ཚོས་སྒྱུར་བཀོད་བྱེད་ཐུབ་པ་རྣམས་འཕྲལ་དུ་སྒྱུར་བཀོད་བྱེད་པ་དང་འཕྲལ་དུ་སྒྱུར་བཀོད་བྱེད་མི་ཐུབ་པ་རྣམས་ནུས་ཤུགས་གང་ཡོད་བཏོན་ནས་རྒྱུན་མཐུད་བཅོས་སྒྲིག་བྱེད་རྒྱུའི་གཏན་འབེབས་བྱས་ཡོད་པ་རེད།

བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་ཚུན་དུ། རྟག་དཔྱད་དང་བཞུགས་མོལ་ཚོགས་འདུ་དེ་ལྟ་བུ་ཁྲུང་ཆིང་གིས་ཁག་༤༠༠༠ལྷག་ཙམ་བྱས་ཡོད་པ་རེད། མིག་སྔའི་བར་ཁྲུང་ཆིང་གི་ཁག་དང་པོའི་བརྗོད་དོན་གཙོ་བོའི་སློབ་གསོའི་ཚན་པའི་ཁོངས་མི་ཚོས་ཁེ་ལས་དང་གཞི་རིམ་ཚན་པ་༤༣༠༠ལྷག་ཙམ་ནང་སྐྱོད་པ་དང་གནད་དོན་ཁག་༧༧༠༠ལྷག་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་པ། གནད་དོན་ཐག་གཅོད་བྱེད་པ་དང་ལས་དོན་ལེགས་བཅོས་བྱེད་པའི་གྲོས་འགོ་དོན་ཚན་༦༠༠༠ལྷག་ཙམ་བཏོན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།