ཐན་ཙན་ཉི་ཡའི་སྣུམ་འདྲེན་རླངས་འཁོར་ལ་འབར་གས་བྱུང་ནས་ཉུང་མཐར་ཡང་མི་༦༠རྐྱེན་ལམ་དུ་ཤོར་ཡོད།
སྤེལ་བའི་དུས་ཚོད། : 2019-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཐན་ཙན་ཉི་ཡའི་དཔོན་རིགས་ཀྱིས་སྤྱི་ཚེས་༡༠ཉིན། ས་གནས་དེ་གའི་སྔ་དྲོའི་ཆུ་ཚོད་བརྒྱད་པ་ཙམ་ལ། སྣུམ་འདྲེན་རླངས་འཁོར་ཞིག་མོ་ལོ་ཀོ་ལོ་མངའ་སྡེའི་ལམ་བར་དུ་སྦག་སྦག་ལ་གཡོལ་ཆེད་རླངས་འཁོར་མགོ་རྟིང་ལོག་པ་དང་། རླངས་འཁོར་ཐོག་ཡོད་པའི་འབར་སྣུམ་ཕྱིར་ཤོར་ཡོད་པས། ཉེ་འཁོར་དུ་ཡོད་པའི་མང་ཚོགས་ཀྱིས་ཧམ་འཕྲོག་བྱས་ཡོད། དེ་རྗེས། སྣུམ་འདྲེན་རླངས་འཁོར་དེར་འབར་གས་བྱུང་ནས། ཉུང་མཐར་ཡང་མི་༦༠རྐྱེན་ལམ་དུ་ཤོར་བ་དང་། གཞན་ད་དུང་མི་༧༠ལ་རྨས་སྐྱོན་བཟོས་ཡོད་ཅེས་བཤད་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།