ནོར་སྲིད་པུའུ་དང་འཕྲལ་སྒྲུབ་དོ་དམ་པུས་ཛ་དྲག་ངང་སྒོར་བྱེ་བ་གསུམ་བཏང་ནས་ཀྲེ་ཅང་ཞིང་ཆེན་གྱིས་ལི་ཆེ་མ་ཞེས་པའི་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་སེལ་ལས་དོན་ཡག་པོ་སྒྲུབ་རྒྱུར་རྒྱབ་སྐྱོར་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། གསར་འགོད་པས་སྤྱི་ཚེས་༡༠ཉིན་ནོར་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། ཀྲེ་ཅང་ཞིང་ཆེན་གྱིས་ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང་དགུ་པ་ལི་ཆེ་མ་ཞེས་པའི་གནོད་སེལ་ལས་དོན་ལ་རྒྱབ་སྐྱོར་བྱེད་ཆེད། ནོར་སྲིད་པུའུ་དང་འཕྲལ་སྒྲུབ་དོ་དམ་པུས་ལམ་སེང་ཀྲེ་ཅང་ཞིང་ཆེན་ལ་ཀྲུང་དབྱང་རང་བྱུང་གནོད་འཚེའི་གནོད་སེལ་གྱི་མ་དངུལ་སྒོར་བྱེ་བ་གསུམ་སྔོན་གཏོང་བྱས་པ་དང་། ཉེན་སྐྱོབ་གནོད་སེལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་རོགས་སྐྱོབ་བྱེད་པའི་ལས་ཀར་བེད་སྤྱོད་གཏོང་རྒྱུ་ཡིན་པ་རེད།

ནོར་སྲིད་པུས། ས་གནས་ཀྱི་འབྲེལ་ཡོད་ལས་ཁུངས་ནས་ཀྲུང་དབྱང་གི་ཁ་གསབ་རོགས་དངུལ་དེར་དོ་དམ་ཡག་པོ་དང་། བེད་སྤྱོད་ཡག་པོ་བྱེད་དགོས། ནུས་ཤུགས་ཡོད་རྒུས་སྟབས་བསྟུན་ཐག་གཅོད་དང་། ཉེན་སྐྱོབ་གནོད་སེལ། མང་ཚོགས་རོགས་སྐྱོབ་བཅས་ཀྱི་ལས་དོན་སྤེལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་བྱ་དགོས་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།