མི་དམངས་ཉིན་རེའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ་དཔལ་འབྱོར་ལ་གོང་འཕེལ་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུ་ནི་ཤང་ཀང་སྤྱི་ཚོགས་ཀྱི་རྩ་བ་ཡིན་ཞེས་པ་སྤེལ་བ།
སྤེལ་བའི་དུས་ཚོད། : 2019-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཟླ་༨ཚེས་༡༡ཉིན་དཔེ་སྐྲུན་བྱས་པའི་མི་དམངས་ཉིན་རའི་ཚགས་པར་ཐོག་དཔྱད་གཏམ་པའི་རྩོམ་ཡིག་འགོ་བརྗོད་དུ་དཔལ་འབྱོར་གོང་འཕེལ་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུ་ནི་ཤང་ཀང་སྤྱི་ཚོགས་ཀྱི་རྩ་བ་ཡིན་ཞེས་སྤེལ་ཡོད་པ་རེད།

རྩོམ་ཡིག་ནང་། ཉེ་དུས། ཤང་ཀང་ཐལ་སྐྱོད་རྩུབ་སྤྱོད་པས་རྩུབ་སྤྱོད་ཀྱི་བྱ་སྤྱོད་སྤེལ་བ་དེས་ཤང་ཀང་གི་ཁྲིམས་སྐྱོང་དང་། སྤྱི་ཚོགས་ཀྱི་སྒྲིག་ལམ། དཔལ་འབྱོར་དམངས་འཚོ། རྒྱལ་སྤྱིའི་གཟུགས་བརྙན་བཅས་ལ་ཕོག་ཐུག་ཆེན་པོ་བཏང་ཡོད། རྩུབ་སྤྱོད་ཁྲིམས་འགལ་གྱི་བྱ་སྤྱོད་དེ་རིགས་ཀྱིས་ཤང་ཀང་དཔལ་འབྱོར་དང་དམངས་འཚོར་བཟོས་པའི་ཤུགས་རྐྱེན་ངན་པ་ཡང་ཉིན་རེ་བཞིན་མངོན་བཞིན་ཡོད།

གོང་འཕེལ་གཏོང་རྒྱུ་དེ་ནི་ཤང་ཀང་གནད་དོན་མང་པོ་སེལ་བའི་གསེར་གྱི་སྡེ་མིག་ལྟ་བུ་ཞིག་ཡིན། ཤང་ཀང་ཟང་ཟིང་དུ་འགྱུར་ན། སྤྱི་ཚོགས་ཡོངས་ནས་རིན་དོད་འདོན་དགོས། ཤང་ཀང་གི་ད་ལྟའི་འགག་རྩའི་གནད་དོན་ནི་རྩུབ་སྤྱོད་དང་ཟང་ཟིང་མཚམས་འཇོག་བྱས་ནས། སྤྱི་ཚོགས་ཀྱི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པ་དང་། ཆབ་སྲིད་ཀྱི་རྩོད་རྙོག་ལས་གྲོལ་ཐུབ་པ། གོང་འཕེལ་ལ་དམ་འཛིན་བྱེད་པ་བཅས་བྱས་ཏེ། སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་དཔལ་འབྱོར་གོང་འཕེལ་གཏོང་བ་དང་། དམངས་འཚོ་ལེགས་བཅོས་བྱེད་དགོས།

རྒྱལ་ཁབ་རྒྱུན་མཐུད་མགྱོགས་མྱུར་གོང་འཕེལ་ཕྱིན་པ་དེས་ཤང་ཀང་གི་གོང་འཕེལ་ལ་འཕྲད་དཀའ་བའི་གོ་སྐབས་སྐྲུན་ཡོད་པ་དང་། སྒུལ་ཤུགས་ཟམ་མི་ཆད་པ་དང་བར་ཁམས་རྒྱ་ཆེན་པོ་སྤྲད་ཡོད། ཤང་ཀང་གིས་མི་རབས་ཁ་ཤས་ལ་བརྟེན་ནས་རྒྱུན་འཁྱོངས་ལྷོད་མེད་ངང་གོང་འཕེལ་བཏང་བས་རྨང་གཞི་ཡག་པོ་ཞིག་བཏིང་ཡོད་པ་དང་། གོང་འཕེལ་ལ་ཕན་པའི་ཆ་རྐྱེན་དང་དམིགས་བསལ་གྱི་འགྲན་རྩོད་བཟང་ཆ་མང་པོ་ལྡན་ཡོད་ན་ཡང་། རྙོག་འཛིང་ཐེག་མི་ཐུབ། དཔལ་འབྱོར་གོང་འཕེལ་དང་། དམངས་འཚོ་ལེགས་བཅོས་ལ་དོ་ཁུར་བྱེད་མཁན་གྱི་ཤང་ཀང་ལ་གཞི་ནས་འོད་སྟོང་སྔར་ལས་འཕྲོ་བའི་འབྱུང་འགྱུར་ཞིག་ཡོང་སྲིད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།