རྒྱ་མཚོའི་རླུང་འཚུབ་ལི་ཆི་མ་ཡིས་མི་ས་ཡ་བཞི་དང་ཆིག་འབུམ་བདུན་ཁྲིར་གནོད་འཚེ་བཟོས་པ་དང་། མི་ས་ཡ་ལྷག་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-11 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ད་ལོ་རྒྱ་མཚོའི་རླུང་འཚུབ་ཨང་དགུ་པ་ལིད་ཆི་མ་ཞེས་པ་སྤྱི་ཚེས་10ཉིན་གྱི་ཐོ་རེངས་སུ་ཀྲེ་ཅང་ཞིང་ཆེན་ཝུན་ལིང་གྲོང་ཁྱེར་གྱི་མཚོ་འགྲམ་དུ་ལྡང་ཡོད། སྤྱི་ཚེས་10ཉིན་གྱི་དགོང་མོ་བར་སླེབས་དུས། རྒྱ་མཚོའི་རླུང་འཚུབ་ལི་ཆི་མ་ཞེས་པས་ཀྲེ་ཅང་དང་ཧྲང་ཧའེ། ཅང་སུའུ་བཅས་ཞིང་ཆེན་དང་གྲོང་ཁྱེར་གསུམ་གྱི་མི་ས་ཡ་བཞི་དང་ཆིག་འབུམ་བདུན་ཁྲིར་གནོད་འཚེ་བཟོས་པ་དང་། མི་ས་ཡ་གཅིག་ལྷག་ཛ་དྲག་ངང་གནས་སྤོ་བཀོད་སྒྲིག་བྱས་ཡོད། ཀྲེ་ཅང་ཡུང་ཅ་རྫོང་ཨུད་དྲིལ་བསྒྲགས་པུས་སྤྱི་ཚེས་10ཉིན་གྱི་དགོང་མོ་ཟུར་གསལ་བྱས་པར། ཤུགས་ཚད་ཆེ་བའི་རྒྱ་མཚོའི་རླུང་འཚུབ་ལི་ཆི་མ་ཞེས་པའི་ཤུགས་རྐྱེན་ཐེབས་པས། ཉིན་དེ་གའི་ཐོ་རེངས་སུ་ཐོན་པའི་རི་ཉིལ་བའི་གནོད་འཚེའི་ཁྲོད་མི་22རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་10སྔར་བཞིན་གར་སོང་ཆ་མེད་དུ་གྱུར་ཡོད། རྒྱ་མཚོའི་རླུང་འཚུབ་ལི་ཆི་མ་ཞེས་པ་སྤྱི་ཚེས་11ཉིན་ཧྲན་ཏུང་ཕྱེད་གླིང་ཐོག་སླང་ཡང་ལྡང་འགོ་ཚུགས་ཡོད། མིག་སྔར་གར་སོང་ཆ་མེད་དུ་གྱུར་བའི་མི་སྣའི་འཚོལ་ཞིབ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད། ཀྲེ་ཅང་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་འཕྲལ་བསྟུན་བཀོད་འདོམས་ལྟེ་གནས་ཀྱི་ཀྲུའུ་རེན་ལོའུ་ཅན་གྱིས། གོམ་སྟབས་རྗེས་མར་གནོད་འཚེ་ཕོག་མཁན་མང་ཚོགས་ལ་རོགས་སྐྱོར་བཀོད་སྒྲིག་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་ཏེ། གནོད་འཚེའི་རྗེས་ཀྱི་སླར་གསོའི་ལས་དོན་ལ་དམ་འཛིན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།