ལྷ་སར་སྨད་འཚོང་དང་འབྲེལ་བའི་ཁྲིམས་འགལ་བ་8བཟུང་འདུག
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

  ནག་སེལ་གཤེད་འཇོམས་ཀྱི་ཆེད་དོན་འཐབ་རྩོད་ལས་དོན་གཏིང་ཟབ་སྤེལ་ཆེད། ལྷ་སའི་ཁྲེང་ཀོན་སྤྱི་བདེ་ལས་ཁུངས་ཀྱིས་ཁོངས་གཏོགས་ཁུལ་གྱི་རོལ་རྩེད་ཁང་གི་ཆགས་སྲེད་དང་། རྒྱན་འཛུགས། དུག་རྫས་སོགས་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་རྡུང་རྡེག་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་དང་གཏོང་བཞིན་ཡོད་ཅིང་། ཉེ་ཆར། བདེ་སྲུང་རུ་ཆེན་གྱིས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ཁུལ་གྱི་རོལ་རྩེད་ཁང་ཞིག་ལ་ཞིབ་བཤེར་བྱེད་སྐབས། དེར་སྨད་འཚོང་བྱ་ཡུལ་ཡོད་པ་རྩད་ཆོད་བྱུང་ཡོད།

  

  ཉེན་རྟོག་པས་ཁོང་དུ་ཆུད་པའི་ཁུངས་སྣེ་གཞིར་བཟུང་ཆེད་དོན་གྱོད་གཞི་ཚོགས་ཆུང་བཙུགས་ཏེ། འབྲེལ་ཡོད་གནས་ཚུལ་ལ་བརྟག་དཔྱད་དང་། མངོན་བཤེར་ལྐོག་འདྲི་ཟུང་འབྲེལ་དང་དཔང་རྟགས་བཙལ་བ་བཅས་བརྒྱུད། སྤྱི་ཟླ་7ཚེས་29ཉིན་གྱི་དགོང་མོར་སྨད་འཚོང་ཁྲིམས་འགལ་གྱི་དོགས་ཡོད་མི་སྣ་8བཟུང་ཡོད།

  

  བརྟག་དཔྱད་བྱས་པ་བརྒྱུད་ཤེས་པར། ཁྲིམས་འགལ་ཉེས་གསོག་དོགས་ཅན་མོང་ཆེ་གེ་མོས་མི་གཞན་ལ་སྨད་འཚོང་མ་ངོ་སྤྲོད་བྱས་ཡོད་པ་དང་། ལོ་ཆེ་གེ་མོ་དང་ལི་ཆེ་གེ་མོས་མི་གཞན་པར་ཆགས་སྲེད་དང་འབྲེལ་བའི་ཞབས་ཞུ་ངོ་སྤྲོད་བྱས་པ། ཅང་ཆེ་གེ་མོ་དང་། ཧུའུ་ཆེ་གེ་མོ། ཀྲན་ཆེ་གེ་མོ། ཧྲུའུ་ཆེ་གེ་མོ། ཅིན་ཆེ་གེ་མོ་བཅས་ཀྱིས་སྨད་འཚོང་འཆལ་འགུག་གི་ཁྲིམས་འགལ་བྱ་སྤྱོད་སྤེལ་ཡོད་པ་རེད།

  མིག་སྔར་ཁྲེང་ཀོན་ཉེན་རྟོག་ཕྱོགས་ཀྱིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་རེ་དྲུག་པ་དང་དོན་ཚན་རེ་བདུན་པའི་གཏན་འབེབས་ལྟར། མོང་ག་གེ་མོར་ཉིན་བཅོ་ལྔའི་སྲིད་འཛིན་བཀག་སྐྱིལ་དང་། དངུལ་ཆད་སྒོར་5000བཅད་ཡོད་ཅིང་། ལོ་ཆེ་གེ་མོ་དང་ལི་ཆེ་གེ་མོར་ཉིན་བཅུའི་སྲིད་འཛིན་བཀག་སྐྱིལ་གྱི་ཁྲིམས་ཆད་བཅད་པ་དང་། ཅང་ཆེ་གེ་མོ་དང་། ཧུའུ་ཆེ་གེ་མོ། ཀྲན་ཆེ་གེ་མོ། ཧྲུའུ་ཆེ་གེ་མོ། ཁྲེན་ཆེ་གེ་མོ་བཅས་ལ་ཉིན་ལྔའི་སྲིད་འཛིན་བཀག་སྐྱིལ་བཅས་ཀྱི་ཁྲིམས་ཆད་བཅད་ཡོད།

  

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

  ལྟ་སྐུལ། ཝང་ཧྥེ།

  སྒྲིག་སྒྱུར། པད་མ།