རྩྭ་ཐང་བཅའ་ཁྲིམས་བོད་དུ་ལག་བསྟར་བྱ་ཐབས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ལས་དོན་དངོས་སུ་སྤེལ་འགོ་ཚུགས།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འཆི་མེད་རིགས་འཛིན་གྱིས་ཉིན་ཤས་གོང་། རྩྭ་ཐང་བཅའ་ཁྲིམས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ཚོགས་ཆུང་གི་ཚང་འཛོམས་ཚོགས་འདུ་ཐེངས་དང་པོ་གཙོ་སྐྱོང་གནང་བ་དང་། དེའི་ཐོག་ནས་རང་ལྗོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས་བོད་རང་སྐྱོང་ལྗོངས་སུ་ལག་བསྟར་བྱ་ཐབས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད

ཚོགས་འདུའི་ཐོག ཁྲིམས་འཛིན་ཞིབ་བཤེར་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། ལྗོངས་ཏང་ཨུད་ཀྱི་འབྲེལ་ཡོད་བཀའ་སློབ་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པའི་བྱ་ཐབས་ནུས་ལྡན་ཞིག་རེད་ལ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྤྱི་ལོ ༢༠༡༩ ལོའི་ལྟ་སྐུལ་ལས་དོན་གལ་ཆེན་ཞིག་ཀྱང་ཡིན་པས། རང་ལྗོངས་ཀྱི་རྩྭ་ཐང་བཅའ་ཁྲིམས་ཀྱི་ལག་བསྟར་གནས་ཚུལ་དང་རྩྭ་ཐང་གི་ད་ལྟའི་གནས་ཚུལ། རྩྭ་ཐང་གི་ཕྱུགས་རིགས་ཤོང་ཚད། རྩྭ་ཐང་སྲུང་སྐྱོབ་འཛུགས་སྐྱོང་ཐད་གནས་པའི་གནད་དོན་དང་འབྲེལ་ཡོད་ཐབས་ཇུས་གྲོས་འགོ་སོགས་མཐིལ་རྟོགས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཞིབ་བཤེར་ཚོགས་ཆུང་གིས་སྤྱི་ཚེས ༦ ཉིན་ནས་བཟུང་གམ་པ་སོགས་འབྲོག་ལས་རྐྱང་མའི་རྫོང་དང་འབྲོག་ལས་ཀྱི་བསྡུར་ཚད་ཆེ་བའི་རྫོང་ ༢༥ ལ་བསྐྱོད་དེ་དུས་ཡུན་ཟླ་ཕྱེད་རིང་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་ནས། གཙོ་གནད་ཐོག་རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན། གཉེར་སྐྱོང་། ཉམས་ཞན། ཁྲིམས་འཛིན་བཅས་ཀྱི་གནས་ཚུལ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།

ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན།