2019ལོའི་དར་མདོ་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་འདུ་ཚོགས་འགོ་ཚུགས།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཟླ8པའི་ཚེས7ཉིན་གྱི་དགོང་མོར། 2019ལོའི་དར་མདོ་མཛའ་གཞས་རྒྱལ་སྤྱིའི་རོལ་དབྱངས་འདུ་ཚོགས་འགོ་ཚུགས་མཛད་སྒོའི་གླུ་གར་འཁྲབ་སྟོན་དགོང་ཚོགས་དེ་གཡག་རྭ་ལྟག་སྒོའི་ལུས་རྩལ་ཐང་ཆེན་དུ་སྤེལ།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭ་ཡིས་2019ལོའི་རྒྱལ་སྤྱིའི་མཛའ་གཞས་རོལ་དབྱངས་འདུ་ཚོགས་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

འགོ་ཚུགས་མཛད་སྒོའི་སྔོན་འདུ་ཚོགས་སུ་ཞུགས་པའི་མི་ཁྲི2ལྷག་གིས《ང་དང་ངའི་མེས་རྒྱལ》ཞེས་པ་མཉམ་བླངས་བྱས་ཏེ་དུས་རབས་གསར་པའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་མེས་རྒྱལ་གྱི་འཁྲུངས་སྐར་ལ་ལེགས་སྐྱེས་ཕུལ།

ཡོང་ཁུངས། ཁམས་པའི་དྲ་བ།