རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་པི་ཐིའི་ནུས་ཆེའི་གློག་འགོག་མེད་པའི་ཚད་རྡུལ་ཐག་གཅོད་ཡོ་ཆས་24ཞིབ་བཟོ་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཚད་རྡུལ་པི་ཐིའི་གྲངས་ཚད་དང་བཀོལ་སྤྱོད་ཞིབ་ཚགས་ཡོང་རྒྱུ་ནི་མིག་སྔའི་རྒྱལ་སྤྱིའི་ཚད་རྡུལ་རྩིས་རྒྱག་ཚན་རིག་ཞིབ་འཇུག་གི་དཀའ་གནད་ཆེན་པོ་གཙོ་བོ་གཉིས་ཡིན་པ་རེད། ཉེ་དུས་ཀྲུང་གོ་ཚན་རིག་ལག་རྩལ་སློབ་ཆེན་གྱི་ཡོའན་ཧྲི་ཕན་ཅན་ཝེའི་ཚོགས་པས་ཀྲུང་གོ་ཚན་རིག་ཁང་དངོས་ཁམས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྥན་ཧང་ཚོགས་པ་དང་མཉམ་ལས་བྱས་ཏེ་པི་ཐིའི་ནུས་ཆེའི་གློག་འགོག་མེད་པའི་ཚད་རྡུལ་ཐག་གཅོད་ཡོ་ཆས་24ཞིབ་བཟོ་བྱས་པ་དང་འབྲེལ་སྲ་གཟུགས་ཚད་རྡུལ་གྱི་རྩིས་རྒྱག་མ་ལག་ཁྲོད་པི་ཐི་20ལས་བརྒལ་བའི་ཚགས་ཚུད་ཚད་རྡུལ་གྱི་སྙོམས་སྒྲིག་ཚོད་འཛིན་ཐོག་མར་བཟོས་ནས་ཚད་རྡུལ་རྩིས་རྒྱག་འཕྲུལ་འཁོར་ཞིབ་བཟོའི་འགྲོ་ལམ་ཐོག་གོམ་སྟབས་གལ་ཆེན་ཞིག་སྤོས་ཡོད། རྒྱལ་སྤྱིའི་དབང་གྲཌ་ལྡན་པའི་རིག་གཞུང་དུས་དེབ《དངོས་ཁམས་དཔྱད་གཏམ་གྱི་མྱུར་འཕྲིན》ཞེས་པའི་ཐོག་ཉིན་ཤས་གོང་ཞིབ་འཇུག་དེའི་འབྲས་བུ་བཀོད་ཡོད་པ་རེད།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།