བོད་ལྗོངས་ཀྱིས་སྲོལ་ཡིག་བཏོན་ནས་ཡར་འབྲོག་གཡུ་མཚོར་སྲུང་སྐྱོང་བྱས་པ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 《ལྷོ་ཁ་གྲོང་ཁྱེར་གྱི་ཡར་འབྲོག་གཡུ་མཚོ་སྲུང་སྐྱོང་གི་སྲོལ་ཡིག》དེ་ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་གྲོས་འཆམ་བྱུང་བ་དང2019ལོའི་ཟླ9ཚེས1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་རེད། བྱ་སྤྱོད་དེའི་དམིགས་ཡུལ་ནི་ཡར་འབྲོག་གཡུ་མཚོའི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཆུ་ཁོངས་ཀྱི་རྒྱ་ཁྱོན་རྒྱུན་འཁྱོངས་ཡོང་བ་དང་། ཆུ་མཁོ་འདོན་གྱི་ནུས་པ་འགན་ལེན་བྱེད་པ། སྦགས་བཙོག་འགོག་བཅོས་བྱེད་པ་མ་ཟད། ཆུའི་སྣོད་བཅུད་དང་ཆུའི་ཁོར་ཡུག་ལེགས་སུ་བཏང་ནས་མཚོ་མཚེའུ་ལ་སྐྱོན་བྲལ་སྒོ་ནས་སྲུང་སྐྱོང་ཐུབ་པ་བྱ་རྒྱུ་དེ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྲོལ་ཡིག་དེ་སྤྱིའི་རྩ་དོན་དང་། ཆུ་ཁོངས་དང་དེ་བཞིན་མཚོ་རྒྱུད་སྲུང་སྐྱོབ། ཆུའི་སྦགས་བཙོག་འགོག་བཅོས། སྣོད་བཅུད་སྲུང་སྐྱོང་དང་སླར་གསོ། དམངས་བྱིངས་ཞུགས་པ། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་བཅས་ཆ་ཤས་བདུན་ལ་དབྱེ་ཡོད་པ་རེད། །

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།