ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་གྱི་ཁུལ་གསར་ལིན་ཀང་དུ་བཙུགས་པ་དང་། རང་རྒྱལ་དེ་ཉིད་བྱང་ལྷོ་ནུབ་བྱང་དུ་ཁྱབ་པའི་བསྒྱུར་བཅོས་སྒོ་དབྱེའི་གསར་སྐྲུན་གྱི་རྣམ་པ་ཞིག་ཆགས་པ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཀྲུང་གོའི་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་ལིན་གང་ཁུལ་གསར་གྱི་སྤྱིའི་ཇུས་གཞི་ཞེས་པ་པར་འགྲེམས་བྱས་ཡོད། སྤྱི་ལོ་2013ལོར་ཧྲང་ཧའེ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་བཙུགས་རྗེས། ཁག་གཉིས་པ་དང་ཁག་གསུམ་པར་ཁྱོན་བསྡོམས་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་10བསྟུད་མར་བཙུགས་པ་དང་། ན་ནིང་ཧའེ་ནན་གླིང་ཕྲན་ཡོངས་སུ་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། ལོ་ལྔ་ལྷག་གི་རིང་། རང་རྒྱལ་དུ་ཤར་ལྷོ་ནུབ་བྱང་ལ་ཁྱབ་པའི་བསྒྱུར་བཅོས་སྒོ་དབྱེའི་གསར་སྐྲུན་གྱི་རྣམ་པ་ཞིག་ཆགས་ཡོད་པ་རེད།

ཚོང་དོན་པུའི་ཞིབ་འཇུག་ཁང་གི་འགོ་འཛིན་ཀུའུ་ཞུའེ་མིང་གིས། རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་སྐྲུན་ནས་ལོ་ལྔ་ལྷག་རིང་། ལམ་ལུགས་གསར་སྐྲུན་གྱིས་ལྟེ་བ་བྱས་པའི་སྒོ་དབྱེའི་རྣམ་པར་ཁྲིད་སྟོན་བྱས་ཡོད་ལ། སྒོ་དབྱེའི་དཔལ་འབྱོར་གྱི་ཁྱོན་ཡོངས་གོང་འཕེལ་གྱི་ཁྲིད་སྟོན་ཡང་བྱས་ཡོད། རང་རེའི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་གྱི་གོང་འཕེལ་ཉོ་ཚོང་དང་ཕྱི་དངུལ་ཡིད་འགུག་བྱེད་པའི་བྱ་ཐབས་གཙོ་བོ་ནི་ངལ་རྩོལ་ནུས་ཤུགས་ཀྱི་ཐོན་ཁུངས་དང་། ས་ཞིང་ཐོན་ཁུངས། སྲིད་ཇུས་ཀྱི་གཟིགས་སྐྱོང་བཅས་ཡིན། ཧྲང་ཧའེ་རང་མོས་ཉོ་ཚོང་ཁུལ་གྱི་སྒོ་བྱང་བཀལ་ནས་ལག་བསྟར་བྱས་རྗེས། ཉོ་ཚོང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱིས་གཙོ་བོ་བྱེད་པ་དང་། ཚོང་གཉེར་ཁོར་ཡུག་ལེགས་བཅོས་ཀྱིས་ལྟེ་བ་བྱེད་པའི་ལམ་ལུགས་གསར་སྐྲུན་བྱེད་འགོ་ཚུགས་ཡོད། ཁྲོམ་རའི་གཙོ་གཟུགས་དེ་བས་མང་བ་ནི་ལམ་ལུགས་བསྒྱུར་བཅོས་བྱས་པ་ལས་བྱུང་བའི་མ་གནས་དམའ་རུ་ཕྱིན་པའི་ཕན་ཁེ་ལོངས་སྤྱོད་ཐུབ་པ་དེ་ཡིན་པའི་ངོས་འཛིན་གནང་ཡོད་པ་རེད།

ཧྲང་ཧའེ་གྲོང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་གྲོང་སྤྱི་གཞོན་པ་ཁྲེན་ཡན་གྱིས། ཁུལ་གསར་སྣོན་འཛུགས་བྱས་པ་ནི་སྟབས་བདེའི་སྒོ་ནས་སྔར་ཡོད་ཀྱི་རང་མོས་ཉོ་ཚོང་ཚོད་ལྟ་ཁུལ་རྒྱ་བསྐྱེད་གཏོང་བ་ཞིག་མིན་ལ། སྟབས་བདེའི་སྒོ་ནས་ད་ཡོད་ཀྱི་སྲིད་ཇུས་མཚུངས་སྤོས་བྱས་པ་ཞིག་མིན་པར། དེ་ནི་ཕྱོགས་ཡོངས་དང་བང་རིམ་གཏིང་ཟབ་པ། རྩ་བའི་རང་བཞིན་གྱི་ལམ་ལུགས་གསར་སྐྲུན་གྱི་འཕོ་འགྱུར་ཞིག་ཡིན། སྔར་བས་མགྱོགས་པའི་སྒོ་ནས་སྒོ་དབྱེའི་ཁྲོམ་རའི་སྒྲིག་སྲོལ་མ་ལག་ཆགས་པ་བྱེད་པ་དང་། ནུས་པ་ཆེ་བའི་ཁྲོམ་རའི་ཐོན་ཁུངས་རྒྱུ་རྐྱེན་གྱི་རང་མོས་འཁོར་རྒྱུག་དང་ལུགས་མཐུན་བཀོད་སྒྲིག་ཡོང་རྒྱུར་སྐུལ་འདེད་གཏོང་བ། དཔལ་འབྱོར་གོང་འཕེལ་གྱི་སྤུས་ཚད་འཕོ་འགྱུར་དང་ལས་ཕྱོད་འཕོ་འགྱུར། སྒུལ་ཤུགས་འཕོ་འགྱུར་བཅས་ཡོང་བར་སྐུལ་འདེད་བཏང་སྟེ། ཁུལ་གསར་དེ་ཉིད་རང་རྒྱལ་གྱི་དཔལ་འབྱོར་གོ་ལ་ཅན་ལ་མཉམ་འདྲེས་གཏིང་ཟབ་བྱེད་པའི་གཞི་རྟེན་གལ་ཆེན་ཞིག་ལ་འགྱུར་བ་བྱེད་དགོས་ཞེས་གསུངས་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཡིག་སྒྱུར། མཚམས་གཅོད།