ཨབ་ག་ནི་སི་ཏན་གྱི་རྒྱལ་ས་ཁ་པུར་རུ་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་ཐོན་ནས་མི་དགུ་བཅུ་གོ་ལྔར་རྨས་སྐྱོན་ཕོག་པ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བདུན་ཉིན་གྱི་སྔ་དྲོ། ཨབ་ག་ནི་སི་ཏན་གྱི་རྒྱལ་ས་ཁ་པུར་རུ་རླངས་འཁོར་འབར་གས་ཀྱི་དོན་རྐྱེན་ཐོན་ནས་མི་དགུ་བཅུ་གོ་ལྔར་རྨས་སྐྱོན་བཟོས་ཡོད།

ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་དགུ་བཅུའི་ཡས་མས་སུ་ཁ་པུར་ནུབ་རྒྱུད་དུ་འབར་གས་ཆེན་པོ་བྱུང་ཡོད་པ་དང་། འཇབ་རྒོལ་བྱེད་པའི་དམིགས་འབེན་ནི་ཉེན་རྟོག་ཁུལ་དྲུག་པའི་ཉེན་རྟོག་ཅུས་ཡིན་པ་རེད།
ཨབ་ག་ནི་སི་ཐན་ཐ་ལི་པན་གྱིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཡིན་པ་ཁྱབ་བསྒྲགས་བྱས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།