ཐུར་ཁེ་དང་ཨ་རིས་སི་རི་ཡའི་བྱང་རྒྱུད་དུ་བདེ་འཇགས་ཁུལ་འཛུགས་རྒྱུའི་ཐད་གྲོས་མཐུན་བྱུང་བ།
སྤེལ་བའི་དུས་ཚོད། : 2019-08-08 ཡིག་གཟུགས། 【 ཆེ། 】 【 འབྲིང་། 】 【 ཆུང་། 】

སྤྱི་ཚེས་བདུན་ཉིན་ཐུར་ཁེའི་རྒྱལ་སྲུང་པུས་སྤེལ་བའི་གསལ་བསྒྲགས་ཤིག་གི་ནང་། ཐུར་ཁེ་དང་ཨ་རིའི་དམག་དོན་གྲོས་བསྡུར་འཐུས་མི་ཚོགས་པའི་བར་དེ་ཉིན་སི་རི་ཡའི་བྱང་རྒྱུད་དུ་བདེ་འཇགས་ཁུལ་འཛུགས་རྒྱུའི་ཐད་གྲོས་མཐུན་བྱུང་ཡོད་ཅེས་བསྟན་ཡོད།

གསལ་བསྒྲགས་ནང་། ཐུར་ཁེ་དང་ཨ་རི་རྒྱལ་ཁབ་གཉིས་པོས་གང་མགྱོགས་མཉམ་འབྲེལ་བྱ་སྤྱོད་ལྟེ་གནས་བཙུགས་ཏེ་སི་རི་ཡའི་བྱང་རྒྱུད་དུ་བདེ་འཇགས་ཁུལ་འཛུགས་རྒྱུའི་གནད་དོན་ཐད་མཐུན་སྦྱོར་བྱེད་དགོས། བདེ་འཇགས་ཁུལ་དེ་ཞི་བདེའི་བར་འཁྱམས་ཤིག་ཏུ་འགྱུར་བ་བྱེད་དགོས། བྱ་ཐབས་བཟུང་ནས་སི་རི་ཡའི་ཉམ་ཐག་མི་སེར་རྣམས་གང་མགྱོགས་རང་ཡུལ་དུ་ཕྱིར་ལོག་ཐུབ་རྒྱུར་རོགས་རམ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།